གཟའ་ཉི་མ། ༢༠༡༩ ཟླ་༩ པའི་སྤྱི་ཚེས་༢༡

བྱ་གསོ་སྐྱོང་ཁང་གཞི་བཙུགས་ལས་བརྟེན་ཏེ་ འོང་འབབ།

སྤྱི་ཟླ་༣ པའི་ཚེས་ ༣༡ ༢༠༡༨

༉ བྱ་གསོ་སྐྱོང་འཐབ་ནི་འདི་ ཕོ་སྐྱེས་ཀྱི་ལཱ་ཅིག་ཨིནམ་སྦེ་ བརྩི་དོ་ཡོདཔ་ཨིན་རུང་ རྒྱལ་ཁབ་ནང་ལུ་ ཨམ་སྲུ་ཚུ་གིས་ཡང་ བྱ་གསོ་སྐྱོང་འཐབ་དོ་ཡོདཔ་ཨིན་མས།

ཨིན་རུང་ བསམ་གྲུབ་ལྗོངས་མཁར་ལས་ སྐྱེས་ལོ་༣༠་ལང་མི་ བཀལ་བཟང་དབང་མོ་གིས་ཡང་ བྱ་གསོ་སྐྱོང་འབད་དེ་ འོང་འབབ་ལེགས་ཤོམ་ བཟོ་ཚུགས་ཏེ་འདུག

འདི་གིས་ བྱ་གསོ་སྐྱོང་གི་ཚོང་ལཱ་འདི་ ཨམ་སྲུ་ཚུ་གིས་ཡང་ འབད་ཚུགས་ཟེར་བའི་ བརྡ་མཚོན་སྟོནམ་ཨིན་མས།

མོ་གིས་ བྱ་གསོ་སྐྱོང་ཁང་འདི་ འདས་པའི་ཟླཝ་༨་ཀྱིས་ཧེ་མ་ གསེར་ཐིག་རྒེད་འོག་ནང་ལུ་ གཞི་བཙུགས་འབད་ནུག

མོ་གིས་སླབ་མི་ནང་ ལོ་༡་གི་ཧེ་མ་ འདི་བཟུམ་གྱི་ཚོང་ལཱ་འགོ་བཙུགས་ནི་འདི་ མནོ་བསམ་རང་མ་བཏང་ཟེར་བཤད་ཅི།

ཨིན་རུང་ ད་རེས་མོ་གིས་ ཉིནམ་༡་ནང་ འོང་འབབ་དངུལ་ཀྲམ་སྟོང་ཕྲག་༣་དེ་ཅིག་ བཟོ་ཚུགས་ཏེ་འདུག

མོ་གིས་སླབ་མི་ནང་ སྒོང་རྡོག་ཚུ་ མཁོ་འདོད་བསྐྱེད་མི་དང་འཁྲིལ་ཏེ་ ལང་མི་ཚུགས་དོ་ཡོདཔ་ལས་ བཙོང་མ་ཚུགས་པའི་ དཀའ་ངལ་འདི་ མི་འཐོན་པས་ཟེར་བཤད་ཅི།

འདི་ཡང་ མ་གིས་ སྒོང་རྡོག་ཚུ་ཡང་ རྒེད་འོག་ནང་འཁོད་དང་ སློབ་གྲྭ་ཆ་མཉམ་ནང་ལུ་རང་ བཙོང་ནི་འདི་གིས་ཨིན་མས།

ད་རེས་ བཀལ་བཟང་གི་ བྱ་གསོ་སྐྱོང་ཁང་ནང་ལུ་ བྱམོ་༨༠༠་དེ་ཅིག་ཡོདཔ་ཨིན།

ཨིན་རུང་ སྒོང་རྡོག་མཁོ་འདོད་བསྐྱེད་མི་གི་གྱངས་ཁ་ ཡར་སེང་འགྱོ་མི་དང་འབྲེལ་ མོ་གིས་ བྱམོ་མང་སུ་ཅིག་ ཉོ་ནི་གི་འཆར་གཞི་འདུག

མསམ་གྲུབ་ལྗོངས་མཁར་རྫོང་ཁག་ནང་ལུ་ ཚོང་འབྲེལ་གྱི་དོན་ལས་ ད་རེས་ བྱ་གསོ་སྐྱོང་ཁང་༥་ཡོདཔ་ཨིན་རུང་ ཨམ་སྲུ་གིས་ བྱ་གསོ་སྐྱོང་འཐབ་མི་འདི་ མོ་རང་རྐྱངམ་ཅིག་ཨིན་མས།