གཟའ་པ་སངས། ༢༠༡༩ ཟླ་༨ པའི་སྤྱི་ཚེས་༢༢

ཧུམ་པ་གི་རིགས་གསརཔ་ཅིག་ངོས་འཛིན་འབད་དེ་ཡོདཔ།

སྤྱི་ཟླ་༡༢ པའི་ཚེས་ ༢༧ ༢༠༡༦

༉ འབྲུག་པའི་ཧུམ་པ་གི་ཐོ་ནང་ལུ་ ཧི་མ་ལ་ཡཱན་ལ་ཡམ་ཟེར་མི་ཧུམ་པ་འདི་ ད་རེས་ རིགས་གསརཔ་ཅིག་སྦེ་ ཚུད་དེ་འདུག

ཧུམ་པ་འདི་ཡང་ ད་རེས་རྒྱལ་ཁབ་ནང་ལུ་ཁྱབ་ཆེཝ་འབད་རང་ ནང་འདྲེན་འཐབ་སྟེ་ཡོད་མི་ ཧུམ་པ་བཟུམ་སྦེ་རང་ དྲོཝ་སྐྱུརཔ་འབད་ཡོདཔ་མ་ཚད་ བཟོ་བལྟ་ཡང་ ཆ་འདྲཝ་སྦེ་རང་ཡོདཔ་ཨིན།

ཚལ་མ་ནང་ལས་ཐོབ་མི་ ཧུམ་པ་གི་རིགས་གསརཔ་འདི་ཡང་ སོ་ནམ་ལས་ཁུངས་ནང་ལས་ ཞིབ་འཚོལ་འབད་མི་སྡེ་ཚན་ཅིག་གིས་ ཧུམ་པ་རིགས་ཀྱི་ འགྱུར་བ་གི་སྐོར་ལས་ཞིབ་འཇུག་ཅིག་ འགོ་འདྲེན་འཐབ་པའི་སྐབས་ ངོས་འཛིན་འབྱུང་ནུག

སོ་ནམ་ལས་ཁུངས་ནང་ལས་ ཞིབ་འཚོལ་འགོ་དཔོན་ ཚེ་རིང་དཔལ་འབྱོར་གྱིས་སླབ་མི་ནང་ ཧུམ་པ་འདི་གིས་ ཕོཝ་གི་ནད་གཞི་ཚུ་གི་དོན་ལུ་ ཕན་ཐོག་ཡོདཔ་ལས་ ལྷོ་ཕྱོགས་ས་གནས་ཚུ་ནང་ལས་ཕར་སྡོད་མི་ཚུ་གིས་ ཆབ་གསང་ཚུ་བཤའ་བའི་སྐབས་ བཟའ་ནི་ཡོད་ཟེར་ཤཤད་ཅི།

ད་རུང་ ཧུམ་པ་འདི་ ཚ་རིམས་ཐོབ་ད་ལུ་ཡང་ སྨན་འབད་ ལག་ལེན་འཐབ་ཨིན་མས།

  སོ་ནམ་དང་ནགས་ཚལ་ལྷན་ཁག་གིས་ ཧུམ་པ་འདི་བཙིར་བཞིནམ་ལས་ ཁུ་བ་བཟོ་སྟེ་བཙོང་ནི་གི་འོས་བབས་ཚུ་ཡང་ བལྟ་དོ་ཡོདཔ་ཨིན་མས།

འབྲུག་ལུ་ ཧི་མ་ལ་ཡཱན་ལ་ཡམ་ཟེར་མི་ ཧུམ་པ་འདི་ རྒྱ་མཚོའི་མཐའ་མ་ལས་ མི་ཀྲར་༣༠༠་ལས་༡༥༠༠་གི་བར་ན་ སྐྱེས་དོ་ཡོདཔ་ཨིན་མས།