གཟའ་ལྷག་པ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༡༧

ལུ་ན་ན་ལུ་ ཁྱེགས་མཚོ་ཡོད་མི་ཚུ་ ཉི་ནུབ་མེད་པར་བལྟ་རྟོགས་འབད་དོ་ཡོདཔ།

སྤྱི་ཟླ་༡༡ པའི་ཚེས་ ༡༤ ༢༠༡༦

lake-24hrsmonitoring ༉ མགར་ས་རྫོང་ཁག་ ལུ་ན་ན་ལུ་ ཁྱེགས་མཚོ་ཡོད་མི་ཚུ་ ཉི་ནུབ་མེད་པར་བལྟ་རྟོགས་འབད་དོ་ཡོདཔ་མ་ཚད་ མཚོ་འདི་ཚུ་གི་ནང་ལུ་ བལྟ་རྟོགས་ཀྱི་འཕྲུལ་ཆས་ཚུ་ཡང་ བཙུགས་ཏེ་སྦེ་འདུག

འདི་ཡང་ སྤྱི་ལོ་༡༩༩༤་གི་ལོ་ནང་ ལུག་གི་མཚོ་བེད་འོང་པའི་སྐབས་ མི་༢༠་ལུ་ཤི་རྐྱེན་དང་ རྒྱུ་དངོས་དང་ས་གཞི་ལེ་ཤཱ་ཅིག་ལུ་ གནོད་སྐྱོན་སྦོམ་སྦེ་རང་རྐྱབ་པའི་ཤུལ་ཨིན་མས།earlywarningsystem

ཆུ་རུད་འདི་གི་ཤུལ་ལས་ ཁྱེགས་དང་ཁྱེགས་མཚོ་གི་ཐད་ཁར་ མཚན་རིག་དང་འབྲེལ་བའི་ ཞིབ་འཇུག་ལེ་ཤཱ་ཅིག་རང་ འགོ་འདྲེན་འཐབ་ནུག

དེ་བསྒང་ རབ་ཕྲང་མཚོ་གི་སྦོ་ལོགས་ཁ་རང་ཡོད་པའི་ ཐོར་ཐོར་མི་མཚོ་འདི་ བེད་འོང་ནི་གི་ཉེན་ཁག་སྦོམ་སྦེ་རང་ཡོདཔ་སྦེ་མཐོང་ཡོདཔ་ཨིན་མས།

ས་གཏེར་ལས་ཁུངས་ནང་ལས་ ཀརྨ་གིས་སླབ་མི་ནང་ སྤྱི་ལོ་༢༠༠༨་ལས་༢༠༡༢་ཚུན་ མཐོར་ཐོར་མི་མཚོ་དང་ རབ་ཕྲེང་མཚོ་གཉིས་ཆ་རའི་ནང་ལུ་ ཉེན་ཁག་མར་ཕབ་འབད་ནི་གི་ཐབས་ཤེས་ཚུ་ བཏོན་ཏེ་རང་ཡོདཔ་ལས་ མཚོ་འདི་ཚུ་གི་ཆུའི་ཚད་འདི་ཡང་ མར་ཕབ་འབད་ཚུགས་ཏེ་ཡོད་ཟེར་བཤད་ཅི།

ད་རུང་ མཚོ་འདི་ཚུ་ལས་བརྟེན་ཏེ་ མ་འོངས་པའི་ནང་ལུ་ ཆུ་རུད་རེ་ཐོན་པ་ཅིན་ཟེར་ ལུ་ན་ན་ལས་དབང་འདུས་ཕོ་བྲང་ཚུན་ སྔོན་བརྡའི་ལམ་ལུགས་ཚུ་ཡང་ གཞི་བཙུགས་འབད་དེ་འདུག

མཚོ་འདི་ འབེད་འོང་གི་ཉེན་ཁག་མར་ཕབ་འབད་ནི་གི་དོན་ལུ་ དུས་ཡུན་སྐར་མ་༥་གི་བར་ན་ ཚར་རེ་བལྟ་རྟོགས་འབད་དེ་འདུག

ད་རུང་ ཆུ་དང་གནམ་གཤིས་ཞབས་ཏོག་ལས་ཁུངས་ཀྱིས་ ལ་ན་ན་ལུ་ མཚོ་ཚུ་ངོ་མ་འབད་བལྟ་རྟོགས་འབད་ནི་གི་དོན་ལས་ ལས་བྱེདཔ་གཉིས་ཡང་ བཞག་སྟེ་ཡོདཔ་ཨིན་མས།

འདི་བཟུམ་སྦེ་ ས་གཏེར་ལས་ཁུངས་འོག་གི་ལས་ཚན་ཅིག་གིས་ ལོ་བསྟར་བཞིན་ རྒྱལ་ཁབ་ནང་ལུ་ གཙང་ཆུ་ཚུ་གི་བརྐ་འབད་ཡོད་མི་ ཁྱེགས་མཚོ་ཚུ་ ཞིབ་འཇུག་ཚུ་འགོ་འདྲེན་འཐབ་དོ་ཡོདཔ་ཨིན་མས།