གཟའ་མིག་དམར། ༢༠༡༨ ཟླ་༧ པའི་སྤྱི་ཚེས་༢༣

མི་བརྒྱ་ལས་བཅས་མི་ཚུ་གིས་ སྟུར་ས་དང་སྡུ་སྟི་ཆུ་མཐའམ་བདའ་སྟེ་ ཉེན་སྲུང་དང་ལྡནམ་སྦེ་བཟོ་ནི་གི་དོན་ལས་ ཉིན་ནུབ་མེད་པར་ ཉེན་ཁ་འབག་སྟེ་ལཱ་འབད་དོ་ཡོདཔ།

སྤྱི་ཟླ་༧ པའི་ཚེས་ ༢༧ ༢༠༡༦

Hundreds work to contain swelling rivers༉ ཕུན་ཚོགས་གླིང་ལུ་ མི་བརྒྱ་ལས་བཅས་མི་ཚུ་གིས་ སྟུར་ས་དང་སྡུ་སྟི་ཆུ་མཐའམ་བདའ་སྟེ་ ཉེན་སྲུང་དང་ལྡནམ་སྦེ་བཟོ་ནི་གི་དོན་ལས་ ཉིན་ནུབ་མེད་པར་ ཉེན་ཁ་འབག་སྟེ་ལཱ་འབད་དོ་ཡོདཔ་ཨིན་མས།

ཆུ་རུད་ལས་བརྟེན་པའི་ གནོད་པ་འདི་ཚུ་ བཀག་ཐབས་འབད་ནི་གི་དོན་ལས་ མི་ཚུ་གིས་ ཕྱི་རུ་ཞག་ཡང་མ་ཉལ་བར་ལཱ་འབད་དེ་ ཁ་ཙ་འབདཝ་ད་ ཉིམ་༤དེ་ཅིག་འགྱོ་དོ་ཡོདཔ་ཨིན་མས།

ཕུན་ཚོགས་གླིང་ལུ་ ཆུ་རུད་ལས་བརྟེན་པའི་གནོད་པ་འདི་ཚུ་ བཀག་ཐབས་འབད་ནི་གི་དོན་ལས་ བསྟན་སྲུང་དམག་མི་དང་ བདེ་སྲུངཔ་ དེ་ལས་ གཞུང་གི་འགོ་དཔོན་ཚུ་གིས་ མཉམ་འབྲེལ་གྱི་ཐོག་ལས་ ལཱ་འབད་དོ་ཡོདཔ་ཨིན།

ལ་ལུ་ཅིག་གིས་ ཉེན་ཁ་ཅན་གྱི་ས་སྒོ་ནང་ལས་ཕར་ ཆུ་ཡི་མཐའམ་བདའ་སྟེ་ སྦུང་འགུལ་གྱི་ལཱ་འབད་དོ་ཡོདཔ་དང་ ལ་ལུ་ཅིག་གིས་ ཁོང་གི་འཕྲུལ་ཆས་དང་ཅ་ཆས་ཚུ་ ལག་ལེན་འཐབ་དོ་ཡོདཔ་ཨིན་མས།

སྟུར་ས་ཆུ་གི་མཐའམ་བདའ་སྟེ་ ཧེ་མ་ལས་ ཆུ་བྱག་བརྐྱབ་ཏེ་ཡོད་མི་འདི་གིས་ ད་རེས་ ཆུ་རུད་ཐོན་པའི་སྐབས་ གནོད་པ་མར་ཕབ་འབད་ནི་ལུ་ ཕན་ཐོག་བྱུང་ཡོདཔ་དང་ དེ་མེན་པ་ཅིན་ ཆུ་རུད་འདི་ལས་བརྟེན་ཏེ་ གནོད་པ་སྦོམ་སྦེ་ར་བྱུང་ནི་ཨིན་མས།

ཆུ་རུད་ལས་བརྟེན་པའི་ གནོད་པ་བཀག་ཐབས་འབད་ནི་གི་ལཱ་འདི་ ནམ་ཚུན་ཚོད་འབད་དགོཔ་ཨིན་ན་ མ་ཤེས་ཏེ་འབད་རུང་ གནམ་གཤིས་འདི་ལེགས་ཤོམ་འགྱོ་བ་ཅིན་ ཉེན་ཁ་འདི་ མར་ཕབ་འགྱོ་བའི་རེ་བ་ཡོདཔ་ཨིན་མས།

ད་རེས་ཚུན་ཚོད་ཀྱི་བར་ན་ ཆུ་རུད་ལས་བརྟེན་པའི་ ཉེན་ཁ་ཐེབས་སྦེ་ར་བྱུང་ཡོད་མི་དང་ གནོད་སྐྱོན་ཐེབས་ བྱུང་ཡོད་པའི་ སྙན་ཞུ་ཅིག་ ག་ནི་ཡང་མེདཔ་ཨིན་མས།