གཟའ་མིག་དམར། ༢༠༡༩ ཟླ་༡༠ པའི་སྤྱི་ཚེས་༡༤

རྒྱལ་ཁབ་ནང་ལུ་ ཕྱགས་སྙིས་ཀྱི་དཀའ་ངལ་འདི་ སེལ་ཚུགས་ནི་ཨིནམ།

སྤྱི་ཟླ་༡༠ པའི་ཚེས་ ༧ ༢༠༡༥

Green Road Project to reduce wastes by 30 percent if successful-༉ ཆུ་ཤོག་དང་འབྲེལ་བའི་ཕྱགས་སྙིགས་ཚུ་ལག་ལེན་འཐབ་ཏེ་སྦེ་ འཁོར་ལམ་རྩི་ནག་བཏང་ནི་གི་ཐབས་ལམ་གསརཔ་འདི་ མཐར་འཁྱོལ་ཅན་ཅིག་སྦེ་ཐོན་སོང་པ་ཅིན་ ད་རེས་ ཐིམ་ཕུག་མེ་མེ་ལ་ཁ་ལུ་ ཕྱགས་སྙིགས་མ་ཤོང་པའི་དཀའ་ངལ་ཐོན་དོ་ཡོད་མི་འདི་ བསལ་ཚུགས་ནི་ཨིན་མས།

གི་རིན་རོཌ་ཟེར་མི་ལས་སྡེ་འདི་གིས་ ཐབས་ལམ་གསརཔ་ཅིག་བཏོན་ཏེ་ཡོད་མི་འདི་ལུ་ ལམ་སེལ་ལས་ཁུངས་ཀྱིས་ མོ་བཏབ་ཀྱི་དོན་ལས་ ལས་འགུལ་འདི་འགྲེམས་སྟོན་འབད་ནི་གི་ གནང་བ་སྤྲོད་དེ་ཡོདཔ་ཨིན་མས།

མོ་བཏབ་ཀྱི་ལས་འགུལ་ཅིག་སྦེ་ ཐིམ་ཕུག་ ཨོ་ལ་ཁ་གི་ སྣུམ་འཁོར་བཅོ་ཁང་གི་ས་སྒོ་ནང་ལུ་སྦེ་ གྱིབ་ཤོག་གི་རིགས་ཚུ་ལག་ལེན་འཐབ་ཏེ་ འཁོར་ལམ་མི་ཀྲར་༡༥༠དེ་ཅིག་ རྩི་ནག་བཏང་ནི་གི་དོན་ལས་ གྱིབ་ཤོག་གི་རིགས་ ཀེ་ཇི་༥༡༥དེ་ཅིག་ལག་ལེན་འཐབ་ནུག

མོ་བཏབ་ཀྱི་ལས་འགུལ་འདི་ཡང་ ཐབས་ལམ་གསརཔ་འདི་ ག་དེ་སྦེ་ལཱ་འབད་བཏུབ་ཨིན་ན་བལྟ་ནི་གི་དོན་ལས་ཨིནམ་ད་ ལས་འགུལ་འདི་གྲུབ་འབྲས་ཅན་ཅིག་སྦེ་ཐོན་པ་ཅིན་ སྤྱིར་བཏང་རྒྱལ་ཁབ་ནང་ལུ་ ཕན་ཐོག་ཚུགས་པའི་རེ་བ་འདུག

འདི་བཟུམ་མའི་ ཐབས་ལམ་གསརཔ་འདི་ལག་ལེན་འཐབ་ཏེ་ འཁོར་ལམ་རྩི་ནག་བཏང་པ་ཅིན་ ལམ་འདི་ ལོ་ལྔ་གི་རིང་ལུ་ཐུདཔ་ནི་ཨིན་མས།

ལས་འགུལ་འདི་ཡང་ ལམ་སེལ་ལས་ཁུངས་དང་ བཟོ་བསྐྲུན་གོང་འཕེལ་བཀོད་ཚོགས་ དེ་ལས་ གནས་བསྟན་བཟོ་བསྐྲུན་ལས་སྡེ་ཚུ་གི་རྒྱབ་སྐྱོར་ཐོག་ལས་ གི་རིན་རོཌ་ལས་སྡེ་གིས་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་མས།

གི་རིན་རོཌ་ ལས་སྡེ་འདི་ ཚོང་འབྲེལ་གོ་སྐབས་དང་བརྡ་དོན་ལྟེ་བ་གི་ མ་དངུལ་རྒྱབ་སྐྱོར་ཐོག་ལས་ གཞི་བཙུགས་འབད་ནུག