རྫོང་ཁ། | ཨིང་ལིཤ། གཟའ་སྤེན་པ། ༢༠༡༩ ཟླ་༩ པའི་སྤྱི་ཚེས་༢༠

སྲིད་དོན།

བཙག་འཐུ་རྩོད་རྙོག་སེལ་ཐབས་འདུས་ཚོགས་ལྟེ་བ་གིས་ འབྲུག་མཉམ་རུབ་ཚོགས་པའི་འགོ་འདྲེན་པ་གཅིག་ལུ་ ཉེས་བྱ་བཀལ་ཡོདཔ།

༉ བཙག་འཐུ་རྩོད་རྙོག་སེལ་ཐབས་འདུས་ཚོགས་ལྟེ་བ་གིས་ སྤུ་ན་ཁ་གི་ འབྲུག་མཉམ་རུབ་ཚོགས་པའི་འགོ་འདྲེན་པ་ལུ་ ཉེས་བྱ་དངུལ་ཀྲམ་ སྟོང་ཕྲག་༦དང་༤༥༠བཀལ་ནུག

པདྨ་དགའ་ཚལ་རྫོང་ཁག་རྩོད་རྙོག་སེལ་ཐབས་འདུས་ཚོགས་ཀྱིས་ ཕོ་སྐྱེས་གཅིག་ལུ་ ཉེས་བྱ་བཀལ་ཡོདཔ།

༉ པདྨ་དགའ་ཚལ་ རྫོང་ཁག་བཙག་འཐུ་རྩོད་རྙོག་སེལ་ཐབས་འདུས་ཚོགས་ཀྱིས་ ཆོས་འཁོར་གླིང་རྒེད་འོག་ནང་ལས་ཨིན་མི་ ཕོ་སྐྱེས་གཅིག་ལུ་ ཉེས་བྱ་དངུལ་ཀྲམ་༦༤༥༠བཀལ་ནུག

སྤྱི་ཚོགས་༣་པའི་ སྤྱིར་བཏང་བཙག་འཐུའི་དོན་ལུ་ ལྷན་ཐབས་ས་གོ་བརྒྱུད་དེ་ ཚོགས་རྒྱན་བསྐྱུར་པའི་བསྒང་།

༉ སྤྱི་ཚོགས་༣་པའི་ རྒྱལ་ཡོངས་ཚོགས་འདུའི་ སྤྱིར་བཏང་བཙག་འཐུའི་དོན་ལུ་ རྒྱལ་ཁབ་ཀྱི་ ས་གནས་ཐདམ་ཐད་ཁ་ལས་ཕར་ ད་རིས་ལས་ འགྲེམ་ཐོག་ཚོགས་རྒྱན་བསྐྱུར་སའི་ ལྷན་ཐབས་ཀྱི་ས་གོ་ཚུ་བརྒྱུད་དེ་ ཚོགས་རྒྱན་བསྐྱུར་ཏེ་ཡོདཔ་ཨིན།

འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ཅིག་ལུ་ བསྐུལ་བསྒྲགས་འབད་མ་ཆོག་པའི་གྲོས་ཆོད།

༉ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ པདྨ་དགའ་ཚལ་རྫོང་ཁག་ མཁར་གཡུ་རུང་འདེམས་ཁོངས་ནང་ལས་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ ཚེ་རིང་ཆོས་སྒྲོན་ལུ་ ད་ལས་ཕར་ བསྐུལ་བསྒྲགས་ཀྱི་དུས་ཚོད་ཁར་ འདི་འཕྲོ་ལས་རང་ བསྐུལ་བསྒྲགས་འབད་ནི་འདི་ བཞག་དགོཔ་སྦེ་སླབ་སྟེ་འདུག

སྲིད་དོན་ཚོགས་པའི་ འདེམས་ངོ་ཚུ་གིས་ འཁོར་ལམ་སེལ་ནི་གི་ཁས་བླངས།

༉ རྒྱལ་ཁབ་ནང་ལུ་ བཙག་འཐུའི་དོན་ལས་ བསྐུལ་བསྒྲགས་ཚུ་ འགོ་འདྲེན་འཐབ་པའི་བསྒང་ར་ཡོད་མི་དང་འབྲེལ་ ཚོགས་པའི་འདེམས་ངོ་ཚུ་གིས་ མི་དམངས་ཀྱི་དོན་ལུ་ གཙོ་རིམ་དང་པ་རང་ འཁོར་ལམ་སེལ་ནི་གི་ ཁས་བླངས་འབདཝ་ཨིན་མས།

འབྲུག་མཉམ་རུབ་ཚོགས་པ་གིས་ འབྲུག་ཕུན་སུམ་ཚོགས་པའི་མི་ངོམ་༤ལུ་ ཉོག་བཤད་བཀོད་དེ་ཡོདཔ།

༉ འབྲུག་མཉམ་རུབ་ཚོགས་པ་གིས་ མོང་སྒར་རྫོང་ཁག་ དགྲ་མེད་རྩེ་སྔ་ཚང་འདེམས་ཁོངས་ཀྱི་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་དང་ ཚོགས་པའི་རྒྱབ་སྐྱོར་པ་ དེ་ལས་ ཀྲག་གི་དེད་གཡོགཔ་གཉིས་རྩིས་ཏེ་ མི་ངོམ་༤ལུ་ ཉོག་བཤད་བཀོད་དེ་འདུག

འབྲུག་ཕུན་སུམ་ཚོགས་པ་གིས་ མི་ཚུ་ལུ་ མ་བདེན་པའི་ལོ་རྒྱུས་ཚུ་ བདེན་འཛིན་རེ་ནི་མི་འོང་ཟེར་སླབ་ཡོདཔ།

༉ འབྲུག་ཕུན་སུམ་ཚོགས་པ་གིས་བཀོད་མི་ནང་ ག་དེ་ཅིག་སྦེ་ འབྲུག་ཕུན་སུམ་ཚོགས་པ་འདི་ གཞུང་སྐྱོང་ནི་གི་གོ་སྐབས་ཐོབ་པ་ཅིན་ ས་སྣུམ་དང་ གཞན་མི་ རྒྱ་གར་ལས་ནང་འདྲེན་འཐབ་དགོ་པའི་ཅ་རྣམ་གྱི་གོང་ཚད་ཚུ་ ཡར་སེང་འགྱོ་ནི་གི་ཉེན་ཁ་ཡོདཔ་སྦེ་ མ་བདེན་པའི་ལོ་རྒྱུས་དར་ཁྱབ་འགྱོ་མི་ལུ་ མི་ཚུ་གིས་ བདེན་འཛིན་རེ་ནི་མི་འོང་ཟེར་ཨིན་མས།

ཚོགས་པའི་འདེམས་ངོ༢ཀྱིས་ ཉེ་ར་ཨ་མ་ཆུ་གུ་ལས་ཟམ་རྐྱབ་ནི་དང་ སོ་ནམ་ཞིང་ལམ་རྩི་ནག་བཏང་ནི་སྦེ་ ཁས་བླངས་འབད་དེ་ཡོདཔ།

༉ བཀྲིས་སྒང་རྫོང་ཁག་ ཁྲིམས་ཤིང་རྒེད་འོག་ནང་ལུ་ འཕྲལ་ཁམས་ཅིག་ཁར་ སྤྱི་སྙོམ་འཛོམས་འདུ་འགོ་འདྲེན་པའི་སྐབས་ སྲིད་དོན་ཚོགས་པའི་འདེམས་ངོ་གཉིས་ཆ་ར་གིས་རང་ ཉེ་ར་ཨ་མ་ཆུ་གུ་ལས་ སྣུམ་འཁོར་ཐལ་བའི་ཟམ་གསརཔ་ཅིག་རྐྱབ་བྱིན་ནི་ཟེར་ ཁས་བླངས་འབད་དེ་ཡོདཔ་ལས་ མི་སེར་ཚུ་ སེམས་དགའ་སྟེ་འདུག

བུམ་ཐང་ལུ་ མི་སྡེའི་བརྡ་བརྒྱུད་ཀྱི་ནང་དོན་ཚུ་ མཐུལ་ཕྱིན་སྦེ་ལྟ་རྟོག་འབད་དོ་ཡོདཔ།

༉ བུམ་ཐང་ལུ་ཡོད་པའི་ རྫོང་ཁག་བཙག་འཐུ་དབང་འཛིན་གྱིས་ གཟའ་ཉིམ་ལས་ རྫོང་ཁག་འདི་ནང་གི་མི་སྡེའི་བརྡ་བརྒྱུད་ཀྱི་ནང་དོན་ཚུ་ མཐུལ་ཕྱིན་སྦེ་ལྟ་རྟོག་འབད་ནི་འགོ་བཙུགས་ཏེ་འདུག

འབྲུག་མཉམ་རུབ་ཚོགས་པ་གིས་ ཤར་ཕྱོགས་ལུང་ཕྱོགས་ནང་ལས་ རྒྱལ་ཁ་ཐོབ་ནི་གི་གོ་སྐབས་འདི་ ཆུང་ཀུ་ཅིག་ལས་བརྒལ་མེདཔ།

༉ འབྲུག་མཉམ་རུབ་ཚོགས་པ་གིས་ ཤར་ཕྱོགས་ཁ་ཐུག་ལུ་ བསྐུལ་བསྒྲགས་འབད་ཚར་མི་དང་འབྲེལ་ ཤར་ཕྱོགས་ལུང་ཕྱོགས་དང་ དམིགས་བསལ་གྱིས་ པདྨ་དགའ་ཚལ་རྫོང་ཁང་ནང་ལས་ ཚོགས་རྒྱན་གྱི་རྒྱབ་སྐྱོར་ཐོབ་གི་རེ་བ་འདི་ དེ་ཅིག་རང་མེདཔ་སྦེ་ཨིན་མས།