རྫོང་ཁ། | ཨིང་ལིཤ། གཟའ་སྤེན་པ། ༢༠༡༧ ཟླ་༡༡ པའི་སྤྱི་ཚེས་༡༧

སྲིད་དོན།

སྲིད་དོན་ཚོགས་པ་ཚུ་གིས་ སྤྱི་ཚོགས་ཀྱི་བཙག་འཐུ་གྲ་སྒྲིག

༉ སྤྱི་ཚོགས་ཀྱི་བཙག་འཐུ་ཚུ་རན་མི་དང་འབྲེལ་ སྲིད་དོན་ཚོགས་པ་ཚུ་གིས་ གྲ་སྒྲིག་ཚུ་འབད་ནི་འགོ་བཙུགས་ཏེ་འདུག

སྲིད་དོན་ཚོགས་པ་ཚུ་གིས་ གྲ་སྒྲིག་འབད་བའི་བསྒང་།

༉ སྤྱི་ལོ་༢༠༡༨ ཀྱི་ བཙག་འཐུ་རན་མི་དང་འབྲེལ་ སྲིད་དོན་ཚོགས་པ་ཚུ་གི་ནང་འཁོད་ སྲིད་དོན་ནང་ལུ་ བཅའ་མར་གཏོགས་ནི་གི་དོན་ལས་ གྲ་སྒྲིག་ཚུ་འབད་བའི་བསྒང་རང་འདུག

རྒྱལ་ཡོངས་ཚོགས་སྡེ་གི་ བཙག་འཐུའི་དོན་ལུ་ ད་ལྟོ་ཚུན་ཚོད་ མི་ངོམ་༡༤༢གིས་ ཐོ་བཀོད་འབད་དེ་ཡོདཔ།

༉ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ སང་ཕོད་ རྒྱལ་ཡོངས་ཚོགས་སྡེའི་བཙག་འཐུ་ནང་ བཅའ་མར་གཏོགས་ནི་གི་དྭངས་འདོད་ཡོད་མི་ཚུ་གི་དོན་ལས་ ཉིནམ་༢་ཀྱི་ གྲོས་འཛོམས་ཅིག་འགོ་འདྲེན་འཐབ་ཅི།

ཐིམ་ཕུག་ལུ་ འབྲུག་ཀུན་མཉམ་ཚོགས་པ་གི་ རྫོང་ཁག་ཡིག་ཚང་ཅིག་ འགོ་འབྱེད་འབད་ཡོདཔ།

༉ འབྲུག་ཀུན་མཉམ་ཚོགས་པ་གིས་ ཐིམ་ཕུག་ལུ་ ཚོགས་པའི་རྫོང་ཁག་ཡིག་ཚང་འདི་ ད་རིས་ རྟ་བབས་ལུ་སྦེ་ འགོ་འབྱེད་འབད་ཡོདཔ་ཨིན།

སྲིད་དོན་ཚོགས་པ་གསརཔ་བཟོ་བའི་བསྒང་ཨིན་མི་ འབྲུག་དགའ་སྐྱིད་ཚོགས་པ།

༉ ད་རེས་ནངས་པར་ འབྲུག་དགའ་སྐྱིད་ཚོགས་པ་ཟེར་མི་ སྲིད་དོན་ཚོགས་པ་གསརཔ་གཅིག་ བཟོ་བའི་བསྒང་ཡོད་མི་འདི་ ཐོ་བཀོད་གྲུབ་པ་ཅིན་ སྤྱི་ལོ་༢༠༡༨་ཀྱི་ སྤྱི་ཚོགས་ཀྱི་བཙག་འཐུ་ནང་ལུ་དོ་འགྲན་འབད་མི་ ད་རུང་རང་ སྲིད་དོན་ཚོགས་པ་གསརཔ་ཅིག་འོང་ནི་ཨིན་མས།

དུས་མིན་བཙག་འཐུ་གིས་ གཞུང་ལུ་ ཟད་འགྲོ་སྦོམ་སྦེ་ར་གནས་དོ་ཡོདཔ།

༉ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་གསུང་མི་ནང་ དྭངས་ཆུ་རྒཔོ་གི་ དུས་མིན་བཙག་འཐུ་བརྩིས་ཏེ་ དུས་མིན་བཙག་འཐུ་ཁག་གསུམ་གྱི་དོན་ལས་ ཟད་འགྲོ་ དངུལ་ཀྲམ་ས་ཡ་༥ལྷགཔ་ཅིག་ གནས་ཏེ་ཡོད་ཟེར་ཨིན་མས།

འབྲུག་གི་ཨ་ལོའི་སྤྱི་ཚོགས་ཐེངས་༢་པ་གྲོལ་ཡོདཔ།

༉ འབྲུག་གི་ཨ་ལོའི་སྤྱི་ཚོགས་ཐེངས་༢་པ་གིས་ ཉིན་གྲངས་གསུམ་གྱི་རིང་ལུ་གྲོས་བསྡུར་འབད་བའི་ཤུལ་ གྲོས་ཆོད་ཁག་༡༧་བཏོན་ཏེ་འདུག

བྱང་ཐིམ་ཕུག་འདེམས་ཁོངས་ཀྱི་ རྒྱལ་ཡོངས་ཚོགས་འདུའི་ དུས་མིན་བཙག་འཐུ་ནང་ལས་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ ཚེ་རིང་གིས་ རྒྱལ་ཁ་ཐོབ་ཡོདཔ།

༉ ཁ་ཙ་ བྱང་ཐིམ་ཕུག་གི་ སྤྱི་ཚོགས་ཀྱི་དུས་མིན་བཙག་འཐུ་ འགོ་འདྲེན་འཐབ་པའི་སྐབས་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ ཚེ་རིང་གིས་ ཚོགས་རྒྱན་ གཅིག་སྟོང་༤༠༠དེ་ཅིག་ ཐེབས་ཐོབ་སྟེ་སྦེ་ རྒྱལ་ཁ་ཐོབ་ཡོདཔ་ཨིན།

བྱང་ཐིམ་ཕུག་འདེམས་ཁོངས་ཀྱི་འདེམས་ངོ་ཚུ་གིས་ བསྐུལ་བསྒྲགས་ཚུ་འབད་དོ་ཡོདཔ།

༉ བྱང་ཐིམ་ཕུག་འདེམས་ཁོངས་ཀྱི་ དུས་མིན་བཙག་འཐུ་འདི་ ཤུལ་མའི་ཟླཝ་གི་སྤྱི་ཚེས་༤་ལུ་ འགོ་འདྲེན་འཐབ་ནི་ཨིན་མས།

སྤུ་ན་ཁ་རྫོང་ཁག་འོག་གི་སྤྱི་འོག་༣་གྱི་ནང་ལུ་ ཚོགས་པ་མེད་པར་ཡོདཔ།

༉ སྤུ་ན་ཁ་རྫོང་ཁག་ འཛོམས་མི་རྒེད་འོག་གི་ སྦྱིས་མི་ཐང་དང་ རྟ་ནག་དབུ་ས་སྤྱི་འོག་ནང་ལུ་ ཚོགས་པ་མེད་པར་འདུག