རྫོང་ཁ། | ཨིང་ལིཤ། གཟའ་ཉི་མ། ༢༠༡༨ ཟླ་༡ པའི་སྤྱི་ཚེས་༢༠

ཚོང་འབྲེལ།

ཨེ་མ་ཚུ་ གཞན་མི་ས་སྒོ་ཚུ་ནང་ལས་ནང་འདྲེན་འཐབ་ནི་གི་དོན་ལས་ བལྟ་དོ་ཡོདཔ།

༉ ཁྲོམ་ཁ་ལས་ཕར་ ཨེ་མ་ཚུ་ཐོབ་ཚུགས་པ་ལུ་ ལཱ་ཁག་བཏང་མི་དང་འབྲེལ་ སོ་ནམ་དང་ནགས་ཚལ་ལྷན་ཁག་འོག་གི་ སོ་ནམ་ལས་ཁུངས་ཀྱིས་ དུས་ཅི་ སྤྱི་ཟླ་༡༢་པ་བར་ཁམས་ཅིག་ལས་ རྒྱ་གར་སི་ཀིམ་དང་དར་ཇི་གླིང་ཚུ་ནང་ལས་ ཨེ་མ་ནང་འདྲེན་འཐབ་ནིའི་དོན་ལུ་ འོས་བབས་ཚུ་ བལྟ་བའི་བསྒང་འདུག

དངུལ་ཁང་ནང་ལུ་ མི་ལེ་ཤཱ་ཅིག་རང་ རུ་པི་སོར་བར་འོང་དོ་ཡོདཔ།

༉ ཐིམ་ཕུག་ལུ་ ཉིན་བསྟར་བཞིན་ དངུལ་ཁང་ཚུ་ནང་ལས་ཕར་ མི་བརྒྱ་ལས་བཅད་དེ་ རུ་པི་༥༠༠་ལོར་དང་སྟོང་ལོར་ཚུ་ དངུལ་ཁང་ནང་བཙུགས་ནི་དང་ སོར་བར་འོང་ནི་འགོ་བཙུགས་ཏེ་འདུག

རུ་པི་༥༠༠ལོར་དང་སྟོང་ལོར་ཚུ་ ད་རེས་ཟླཝ་གི་སྤྱི་ཚེས་༣༠་ཚུན་སོར་དགོ་ནི།

༉ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ རྒྱ་གར་གྱི་དངུལ་ རུ་པི་༥༠༠ལོར་དང་སྟོང་ལོར་འདི་ཚུ་ དངུལ་ཁང་ནང་བཙུགས་ནི་དང་ སོར་ནི་གི་ཚེས་གྲངས་འདི་ སྤྱི་ཟླ་༡༢པའི་སྤྱི་ཚེས་༡༥ཚུན་ཚོད་མེན་པར་ སྤྱི་ཟླ་༡༡པའི་སྤྱི་ཚེས་༣༠་ཚུན་ཚོད་སྦེ་ བཟོ་སྟེ་འདུག

འབྲུག་དང་རྒྱ་གར་གྱི་བར་ནའི་ ཚོང་འབྲེལ་དང་བཟོ་གྲྭ་ དེ་ལས་ སྐྱེལ་འདྲེན་གྱི་ ཆིངས་ཡིག་གུ་ལུ་ མཚན་རྟགས་བཀོད་ཡོདཔ།

༉ ཁ་ཉིནམ་ བསྟན་རྒྱས་བློན་པོ་ལས་སྐྱིད་རྡོ་རྗེ་དང་ རྒྱ་གར་གྱི་ ཚོང་དང་བཟོ་གྲྭའི་བློན་པོ་ ནིར་མ་ལ་སི་ཐ་ར་མཱན་གཉིས་ཀྱིས་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱི་ སྐུ་མདུན་ལུ་སྦེ་ འབྲུག་དང་ རྒྱ་གར་གྱི་བར་ན་ ཚོང་འབྲེལ་དང་བཟོ་གྲྭ་ དེ་ལས་ སྐྱེལ་འདྲེན་གྱི་ ཆིངས་ཡིག་གུ་ལུ་ མཚན་རྟགས་བཀོད་ཡོདཔ་ཨིན།

རུ་པི་༥༠༠ལོར་དང་སྟོང་ལོར་ སོར་ནི་དང་རྩིས་ཁྲ་ནང་བཙུགས་ནི་གི་ཞག་དུས།

༉ རྒྱལ་ཁབ་ནང་གི་ དངུལ་ཁང་ཚུ་གིས་ རྒྱ་གར་གྱི་དངུལ་ རུ་པི་ ༥༠༠ལོར་འབད་མི་དང་ སྟོང་ལོར་ཚུ་ ཤུལ་མའི་ཟླཝ་གི་སྤྱི་ཚེས་༡༥་ཚུན་ཚོད་རྐྱངམ་ཅིག་ རྩིས་ཁྲ་ནང་བཙུགས་ནི་དང་ སོར་ནི་གི་དོན་ལས་ ལེན་ནི་ཨིན་མས།

མགྱོགས་པ་རང་ དངུལ་ཁང་ངོ་ཚབ་ཀྱི་ཞབས་ཏོག་འགོ་བཙུགས་ནི།

༉ རྒྱལ་ཁབ་ནང་གི་ གྲོང་གསེབ་ཀྱི་ མི་སེར་ཚུ་གིས་ཡང་ ད་ལས་ཕར་ དངུལ་འབྲེལ་གྱི་ཞབས་ཏོག་ཚུ་ ཁོང་རའི་ ས་གནས་ནང་ལས་ར་སྤྱོད་ཚུགས་ནི་གི་ གོ་སྐབས་ཡོདཔ་ཨིན་མས།

ཀྲི་ དངུལ་ཁང་གིས་ བསྐྱིན་འགྲུལ་གྱི་སྐྱེད་ཀྱི་ཚད་གཞི་ཚུ་ མར་ཕབ་འབད་དེ་ཡོདཔ།

༉ ཀྲི་ དངུལ་ཁང་གིས་ ཁ་ཙ་ལས་ བསྐྱིན་འགྲུལ་གྱི་སྐྱེད་ཀྱི་ཚད་གཞི་ཚུ་ སྤྱིར་སྙོམས་ལུ་ བརྒྱ་ཆ་༢་ལྷགཔ་ཅིག་གིས་ མར་ཕབ་འབད་དེ་འདུག

ཕུན་ཚོགས་གླིང་ལུ་ འདབ་མ་ཀོ་པི་གི་གོང་ཚད་ལེགས་ཤོམ་མ་ཐོབ།

༉ ཕུན་ཚོགས་གླིང་ལུ་ ཁ་ཙ་དང་ད་རིས་ འདབ་མ་ཀོ་པི་བཙོང་པར་འབག་མི་ མི་སེར་སོ་ནམ་པ་ཚུ་གིས་ འདབ་མ་ཀོ་པི་ ཀེ་ཇི་༢༥་དེ་རེ་ཤོང་པའི་ ཕད་ཙེ་རེ་ལུ་ དངུལ་ཀྲམ་༢༠་ལས་༤༥༠་གི་བར་ན་ལས་བརྒལ་ ཐོབ་མ་ཚུགསཔ་ལས་ སེམས་ཕམ་འབྱུང་སྟེ་འདུག

ན་ཧིང་ གཞུང་ལུ་འོང་བབས་མཐོ་ཤོས་ར་ ཚོང་འབྲེལ་ལས་སྡེ་གི་ཁ་ཐུག་ལས་ ཕུལ་ཡོདཔ།

༉ ན་ཧིང་ གཞུང་ལུ་འོང་བབས་འདི་ མཐོ་ཤོས་ར་ ཚོང་འབྲེལ་ལས་སྡེ་གི་ཁ་ཐུག་ལས་ དངུལ་ཀྲམ་ ས་ཡ་སྟོང་ཕྲག་༧་དང་ཚ་༤་ ཕུལ་མི་འདི་ཨིན་མས།

རྒྱལ་གཞུང་དངུལ་ལས་དབང་འཛིན་ལུ་ བསྐྱིན་འགྲུལ་གྱི་སྐྱེད་ཀྱི་ཚད་གཞི་ མར་ཕབ་འབད་ནི་གི་འོས་འབབ་ཚུ་བལྟ་དགོཔ་སྦེ་སླབ་ཡོདཔ།

༉ གཞུང་གིས་ རྒྱལ་གཞུང་དངུལ་ལས་དབང་འཛིན་ལུ་ བསྐྱིན་འགྲུལ་གྱི་སྐྱེད་ཀྱི་ཚད་གཞི་བསྐྱར་ཞིབ་འབད་དེ་ མར་ཕབ་འབད་ནི་གི་འོས་འབབ་ཚུ་བལྟ་དགོཔ་སྦེ་ སླབ་སྟེ་འདུག