རྫོང་ཁ། | ཨིང་ལིཤ། གཟའ་མིག་དམར། ༢༠༡༨ ཟླ་༧ པའི་སྤྱི་ཚེས་༡༦

ཁྲིམས་དོན།

སྣང་མེད་སྐྱུར་བཞག་མི་ལུ་བརྟེན་ ནདཔ་ཤི་རྐྱེན་བྱུང་སྟེ་ཡོདཔ་སྦེ་ ཁ་ཉེས་བཀལ་མི་འདི་ མི་བདེན་ཟེར་ཨིནམ།

༉ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ འཛིན་སྐྱོང་གིས་འབད་བ་ཅིན་ འདས་པའི་ཟླཝ་ནང་ གསོ་བའི་ལས་བྱེདཔ་ཚུ་གིས་ སྣང་མེད་སྐྱུར་བཞག་མི་ལུ་བརྟེན་ཏེ་ ནདཔ་ལུ་ཤི་རྐྱེན་བྱུང་སྟེ་ཡོདཔ་སྦེ་ ཁ་ཉེས་བཀལ་མི་འདི་ མི་བདེན་ཟེར་ཨིན་མས།

རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ སྐྱེས་ལོ་༣༧ལང་མི་ཕོ་སྐྱེས་ཅིག་ལུ་ ཉེས་འཛུགས་བཀལ་ཡོདཔ།

༉ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ བསམ་གྲུབ་ལྗོངས་མཁར་རྫོང་ཁག་ གསེར་ཐིག་རྒེད་འོག་ནང་ལས་ སྐྱེས་ལོ་༣༧ལང་མི་ ཕོ་སྐྱེས་ཅིག་ལུ་ སྨྱོ་རྫས་ཀེ་ཧང་དང་ འདི་གི་ཐོན་སྐྱེད་ཚུ་ ཚོང་འབྲེལ་འཐབ་ཡོད་པའི་ ཉེས་འཛུགས་བཀལ་ཏེ་འདུག

དགེ་དོན་སློབ་གྲྭའི་དབུ་འཛིན་འོགམ་གི་རྩོད་གཞི་འདི་ ཐིམ་ཕུག་རྫོང་ཁག་ཁྲིམས་ཀྱི་འདུན་ས་ལུ་ ལྷོད་དེ་ཡོདཔ།

༉ འཕྲལ་ཁམས་ཅིག་ཁར་ ཐིམ་ཕུག་ལུ་ཡོད་པའི་ དགེ་དོན་སློབ་གྲྭའི་དབུ་འཛིན་འོགམ་གིས་ སློབ་ཕྲུག་བུམོ་ཚུ་ལུ་ བྱིས་པ་བསུན་གཙེར་འབད་ཡོད་པའི་ ཁ་ཉེས་བཀལ་མི་གི་རྩོད་གཞི་འདི་ ཐིམ་ཕུག་རྫོང་ཁག་ཁྲིམས་ཀྱི་འདུན་ས་ལུ་ ལྷོད་དེ་ཡོདཔ་ཨིན་མས།

རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ལུ་ དབང་བཙོང་འདོད་སྤྱོད་འབད་ཡོད་པའི་གནད་དོན་འདི་ རྫོང་ཁག་ཁྲིམས་ཀྱི་འདུན་སར་ལྷོད་ཡོདཔ།

༉ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ འཕྲལ་ཁམས་ཅིག་ཁར་ ཐིམ་ཕུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ལུ་ དབང་བཙོང་འདོད་སྤྱོད་འབད་ཡོད་པའི་གནད་དོན་འདི་ གཟའ་ཕུརཔ་གི་ཚེས་ རྫོང་ཁག་ཁྲིམས་ཀྱི་འདུན་ས་ལུ་ བཙུགས་ཏེ་འདུག

ཨ་རོགས་དགའ་རོགས་ཀྱི་ གནད་དོན་ལས་བརྟེན་ མི་གཅིག་བསད་ཡོདཔ།

༉ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ བསམ་གྲུབ་ལྗོངས་མཁར་ལུ་ སྐྱེས་ལོ་༢༦་ལང་མི་ རྒྱ་གར་གྱི་མི་ཁུངས་གཅིག་ལུ་ དང་བླངས་ཐོག་ལས་ མི་བསད་ཡོད་པའི་ཉེས་འཛུགས་ བཀལཝ་ཨིན་མས།

བཀྲིས་རྡོ་རྗེ་གིས་ ཆེ་མཐོ་ཁྲིམས་ཀྱི་འདུན་སར་ བཙག་འཐུ་དང་འབྲེལ་བའི་རྩོད་རྙོག་འདི་ ཕྱིར་འབུད་གནང་དགོཔ་སྦེ་ཞུ་ཡོདཔ།

༉ དབང་འདུས་ཕོ་བྲང་གི་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་ བཀྲིས་རྡོ་རྗེ་གིས་ ཁ་ཙ་ ཆེ་མཐོ་ཁྲིམས་ཀྱི་འདུན་སར་ འདེམས་ངོ་པ་སངས་འཕྲིན་ལས་ཀྱིས་ བཙག་འཐུ་དང་འབྲེལ་བའི་ རྩོད་རྙོག་ཕུལ་ཏེ་ཡོད་མི་འདི་ ཕྱིར་འབུད་གནང་དགོ་པའི་ཞུ་བ་འབད་ཡི།

ཐིམ་ཕུག་གི་ཁྲིམས་སྲུང་འགག་པ་གིས་ སྨྱོ་རྫས་དང་འབྲེལ་བའི་དོགས་པ་ལས་བརྟེན་ མི་༤༥བཟུང་ཡོདཔ།

༉ ཐིམ་ཕུག་གི་ཁྲིམས་སྲུང་འགག་པ་གིས་ འདས་པའི་ཟླཝ་ནང་ལས་འགོ་བཙུགས་ཏེ་ ད་ལྟོ་ཚུན་ཚོད་ བཀག་དམ་འབད་དེ་ཡོད་པའི་ སྨྱོ་རྫས་འབག་མི་དང་ སྨྱོ་རྫས་སྤྱོད་དེ་ཡོད་པའི་དོགས་པ་ལས་བརྟེན་ མི་༤༥བཟུང་ནུག

རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ བརྒལ་ལན་ཕུལ་ནི་ཨིནམ།

༉ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཕུན་ཚོགས་གླིང་ལུང་ཕྱོགས་འོང་འབབ་དང་ཅ་དམ་ཡིག་ཚང་གི་ མདོ་ཆེན་བགྲེསཔ་ ཆོས་བཟང་བཀྲིས་དང་ ལས་བྱེདཔ་བགྲེས་ཀུན་ལེགས་ཀྱིས་ རྫུས་ལཱ་འབད་དེ་ཡོད་པའི་ཉེས་འཛུགས་གུ་ལུ་ བརྒལ་ལན་འདི་ ཤུལ་མའི་ཟླཝ་ནང་ ཆུ་ཁ་རྫོང་ཁག་ཁྲིམས་ཀྱི་འདུན་ས་ལུ་ ཕུལ་ནི་སྦེ་འདུག

ཐིམ་ཕུག་ཁྲིམས་སྲུང་འགག་པ་གིས་ དོགས་པ་ཅན་༧ བཟུང་ཡོདཔ།

༉ ཐིམ་ཕུག་གི་ཁྲིམས་སྲུང་འགག་པ་གིས་ འདས་པའི་གཟའ་མིག་དམར་གྱི་ཚེ་ སྐྱེས་ལོ་༡༨་ལང་མི་བུམོ་གཅིག་དང་ སྐྱེས་ལོ་༢༡་ལང་མི་ ཕོ་སྐྱེས་གཅིག་བཟུང་ནུག

བསམ་རྩེ་རྫོང་ཁག་ཁྲིམས་ཀྱི་འདུན་ས་གིས་ ཕོ་སྐྱེས་ཅིག་ལུ་ ལོ་ཕྱེད་ད་༦གི་ བཙོན་ཁྲིམས་བཀལ་ཡོདཔ།

༉ བསམ་རྩེ་རྫོང་ཁག་ཁྲིམས་ཀྱི་འདུན་ས་གིས་ སྐྱེ་ལོ་༤༣ལང་མི་ ཕོ་སྐྱེས་ཅིག་ལུ་ བུམོ་ཅུང་ཅིག་ དབང་བཙོང་འདོད་སྤྱོད་འབད་ནི་གི་ དཔའ་བཅམ་ཡོད་པའི་ཉེས་པ་ལུ་བརྟེན་ ལོ་ཕྱེད་ད་༦གི་ བཙོན་ཁྲིམས་བཀལ་ནུག