Monday, March 23, 2026
  • ང་བཅས་ཀྱི་སྐོར།
  • འབྲེལ་བ་འཐབ་ས།
  • རྒྱང་མཐོང་ ༢ པ།
ENG
རྫོང་ཁ
འབྲུག་རྒྱང་བསྒྲཊ།
  • གདོང་ཤོག
  • སྲིད་དོན།
  • ཚོང༌ལཱ།
  • ཤེས་ཡོན།
  • རྩེད་རིགས།
  • གསལ་བསྒྲགས།
རྒྱང་བསྒྲགས་དངོས་གསན།
No Result
View All Result
འབྲུག་རྒྱང་བསྒྲཊ།
Home ཤེས་ཡོན།

ཐིམ་ཕུག་ ཆུ་ཚོད་འཁོར་ལོ་ཀ་ཆེན་གྱི་ས་སྒོ་ནང་ ཚེ་བཅུ་གི་འགྲེམ་སྟོན་ལས་རིམ་ཅིག་ འགོ་འདྲེན་འཐབ་ཡོདཔ།

September 16, 2024
in ཤེས་ཡོན།, སྲིད་དོན།
0
ཐིམ་ཕུག་ ཆུ་ཚོད་འཁོར་ལོ་ཀ་ཆེན་གྱི་ས་སྒོ་ནང་ ཚེ་བཅུ་གི་འགྲེམ་སྟོན་ལས་རིམ་ཅིག་ འགོ་འདྲེན་འཐབ་ཡོདཔ།
0
SHARES
27
VIEWS
Share on FacebookShare on Twitter

༉ ཐིམ་ཕུག་ ཆུ་ཚོད་འཁོར་ལོ་ཀ་ཆེན་གྱི་ས་སྒོ་ནང་ ཉིནམ་ ༣ གྱི་རིང་ ཚེ་བཅུ་གི་འགྲེམ་སྟོན་ལས་རིམ་ཅིག་ འགོ་འདྲེན་འཐབ་ས་ལུ་ ནང་འཁོད་ཀྱི་ཐོན་སྐྱེད་དང་ རང་ལུགས་ཀྱི་བཞེས་སྒོ་ཚུ་ འགྲེམ་སྟོན་འབད་བའི་བསྒང་རང་འདུག

Related posts

ཆུ་ཁ་རྫོང་ཁག་ནང་ཡོད་པའི་ གདུང་ན་ལྷ་ཁང་འདི་ ཉམས་གསོ་ཞུ་རན་ཏེ་ཡོདཔ།

ཆུ་ཁ་རྫོང་ཁག་ནང་ཡོད་པའི་ གདུང་ན་ལྷ་ཁང་འདི་ ཉམས་གསོ་ཞུ་རན་ཏེ་ཡོདཔ།

September 16, 2024
82
སྤུ་ན་ཁ་གི་ཚེས་བཅུ་གི་སྐོར་ལས་ མི་ལེ་ཤ་ཅིག་གིས་རང་ མི་ཤེས་དོ་ཡོདཔ།

སྤུ་ན་ཁ་གི་ཚེས་བཅུ་གི་སྐོར་ལས་ མི་ལེ་ཤ་ཅིག་གིས་རང་ མི་ཤེས་དོ་ཡོདཔ།

September 16, 2024
62

 འགྲེམ་སྟོན་ལས་རིམ་འདི་ཡང་ བཟོ་གྲྭ་ཚོང་ལས་དང་ལཱ་གཡོག་ལྷན་ཁག་གིས་ འབྲུག་ཨམ་སྲུའི་ཚོང་ལཱ་ཚོགས་པ་དང་ སྒེར་གྱི་ཚོང་ལས་ཁང་ཅིག་དང་མཉམ་འབྲེལ་འབད་དེ་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་མས།

 འགོ་འདྲེན་འཐབ་མི་ཚུ་དང་འཁྲིལཔ་ད་ ལས་རིམ་འདི་ཡང་ མི་དབང་རྒྱལ་སྲསམོ་མཆོག་གི་ འཁྲུངས་སྐར་དུས་སྟོན་བརྩི་སྲུང་ཞུ་ནི་གི་དོན་ལུ་ འགོ་འདྲེན་འཐབ་དོ་ཟེར་བཤད་ཅི།

 ཚེས་བཅུ་གི་འགྲེམ་སྟོན་ལས་རིམ་ནང་ ནང་འཁོད་ཀྱི་ཐོན་སྐྱེད་ཚུ་ གསལ་སྟོན་འབད་དེ་ ཚོང་འབྲེལ་གྱི་ལམ་དང་ ཚོང་ལཱ་འབད་ནི་ནང་ སེམས་ཤུགས་བྱིན་ནི་གི་དམིགས་གཏད་བསྐྱེདཔ་ཨིན་མས།

 འདི་བཟུམ་སྦེ་ ལས་རིམ་འདི་གིས་ གྲོང་གསེབ་ཀྱི་ཨམ་སྲུ་ཚུ་ལུ་ བལྟ་རྒྱ་མཐོང་རྒྱ་དང་ གོ་སྐབས་ཚུ་བྱིན་ནི་གི་དམིགས་ཡུལ་ཡང་ བསྐྱེད་དོ་ཡོདཔ་ཨིན་མས།

 ལས་རིམ་འདི་ནང་ ཟླ་པ་དང་བང་ཅུང་ དེ་ལས་ ཡ་ཁྲ་གི་ཐོན་སྐྱེད་དང་ རྫོང་ཁག་སོ་སོ་ཚུ་ནང་ལས་ ས་གནས་ཀྱི་བཞེས་སྒོ་ཚུ་ འགྲེམ་སྟོན་འབདཝ་ཨིན་མས།

 ལས་རིམ་ནང་ གྲལ་ཁར་གཏོགས་མི་ཚུ་གིས་སླབ་མི་ནང་ འགྲེམ་སྟོན་འདི་ལས་བརྟེན་ ཁོང་རའི་ཐོན་སྐྱེད་ཚུ་བཙོང་ནི་དང་ ཚོང་ལམ་ཚུ་ཐོབ་ནི་ནང་ ཕན་ཐོགས་འབྱུང་ཡི་ཟེར་བཤད་ཅི།

 ལས་རིམ་འདི་ནང་ ནང་བཟོ་དང་བཟོ་གྲྭ་ཆུང་བ་དང་ ཚོང་ལཱ་འགོ་བཙུགས་ལྟེ་བ་ དེ་ལས་ གྲོང་གསེབ་ཨམ་སྲུའི་ཚོང་ལཱ་ཚོགས་པ་རྩིས་ཏེ་ རྫོང་ཁག་ ༡༢ ནང་ལས་ མི་ངོམ་ ༤༥ གིས་ གྲལ་ཁར་གཏོགས་པའི་བསྒང་རང་འདུག

 ལས་རིམ་འདི་ནང་ གྲལ་ཁར་གཏོགས་མི་ཚུ་གིས་ ཚོང་ཁྱིམ་ཚུ་གི་དོན་ལས་ གླ་སྤྲོད་མི་དགོ་ནི་ཨིན་མས།

Previous Post

སྐྱེས་ལོ་ ༩༥ ལང་མི་ ཨཔ་སངས་རྒྱས་ཀྱིས་ ལོ་ཨ་རྟག་རང་ ཐིམ་ཕུག་ཚེས་བཅུ་མཇལ་བར་འོང་དོ་ཡོདཔ།

Next Post

བསམ་གྲུབ་ལྗོངས་མཁར་ ཝང་ཕུག་རྒེད་འོག་ནང་ ལྕགས་བཟོ་གི་ལཱ་འདི་ ཉམས་འགྱོ་དོ་ཡོདཔ།

Next Post
བསམ་གྲུབ་ལྗོངས་མཁར་ ཝང་ཕུག་རྒེད་འོག་ནང་ ལྕགས་བཟོ་གི་ལཱ་འདི་ ཉམས་འགྱོ་དོ་ཡོདཔ།

བསམ་གྲུབ་ལྗོངས་མཁར་ ཝང་ཕུག་རྒེད་འོག་ནང་ ལྕགས་བཟོ་གི་ལཱ་འདི་ ཉམས་འགྱོ་དོ་ཡོདཔ།

RECOMMENDED NEWS

ཨེ་ཤི་ཡ་གོང་འཕེལ་དངུལ་ཁང་གིས་ རྒྱལ་ཁབ་མཉམ་འབྲེལ་གྱི་ ཐབས་བྱུས་གསརཔ་ཅིག་ འགོ་བཙུགས་ཏེ་ཡོདཔ།

ཨེ་ཤི་ཡ་གོང་འཕེལ་དངུལ་ཁང་གིས་ རྒྱལ་ཁབ་མཉམ་འབྲེལ་གྱི་ ཐབས་བྱུས་གསརཔ་ཅིག་ འགོ་བཙུགས་ཏེ་ཡོདཔ།

2 years ago
21
བསམ་གྲུབ་ལྗོངས་མཁར་ ཝང་ཕུག་རྒེད་འོག་ནང་ ལྕགས་བཟོ་གི་ལཱ་འདི་ ཉམས་འགྱོ་དོ་ཡོདཔ།

བསམ་གྲུབ་ལྗོངས་མཁར་ ཝང་ཕུག་རྒེད་འོག་ནང་ ལྕགས་བཟོ་གི་ལཱ་འདི་ ཉམས་འགྱོ་དོ་ཡོདཔ།

2 years ago
28
སྤུ་ན་ཁ་གི་ཚེས་བཅུ་གི་སྐོར་ལས་ མི་ལེ་ཤ་ཅིག་གིས་རང་ མི་ཤེས་དོ་ཡོདཔ།

སྤུ་ན་ཁ་གི་ཚེས་བཅུ་གི་སྐོར་ལས་ མི་ལེ་ཤ་ཅིག་གིས་རང་ མི་ཤེས་དོ་ཡོདཔ།

2 years ago
62
བཀྲ་ཤིས་ཐང་འབྲིང་རིམ་སློབ་གྲྭ་བར་མའི་ནང་ གཞི་རྟེན་མཐུན་རྐྱེན་མ་ལང་པའི་དཀའ་ངལ་ཡོདཔ།

བཀྲ་ཤིས་ཐང་འབྲིང་རིམ་སློབ་གྲྭ་བར་མའི་ནང་ གཞི་རྟེན་མཐུན་རྐྱེན་མ་ལང་པའི་དཀའ་ངལ་ཡོདཔ།

2 years ago
24

FOLLOW US

BROWSE BY CATEGORIES

  • ཚོང༌ལཱ།
  • རྩེད་རིགས།
  • ཤེས་ཡོན།
  • སྲིད་དོན།

POPULAR NEWS

  • ཆུ་ཁ་རྫོང་ཁག་ནང་ཡོད་པའི་ གདུང་ན་ལྷ་ཁང་འདི་ ཉམས་གསོ་ཞུ་རན་ཏེ་ཡོདཔ།

    ཆུ་ཁ་རྫོང་ཁག་ནང་ཡོད་པའི་ གདུང་ན་ལྷ་ཁང་འདི་ ཉམས་གསོ་ཞུ་རན་ཏེ་ཡོདཔ།

    0 shares
    Share 0 Tweet 0
  • སྤུ་ན་ཁ་གི་ཚེས་བཅུ་གི་སྐོར་ལས་ མི་ལེ་ཤ་ཅིག་གིས་རང་ མི་ཤེས་དོ་ཡོདཔ།

    0 shares
    Share 0 Tweet 0
  • བསམ་གྲུབ་ལྗོངས་མཁར་ ཝང་ཕུག་རྒེད་འོག་ནང་ ལྕགས་བཟོ་གི་ལཱ་འདི་ ཉམས་འགྱོ་དོ་ཡོདཔ།

    0 shares
    Share 0 Tweet 0
  • ཐིམ་ཕུག་ ཆུ་ཚོད་འཁོར་ལོ་ཀ་ཆེན་གྱི་ས་སྒོ་ནང་ ཚེ་བཅུ་གི་འགྲེམ་སྟོན་ལས་རིམ་ཅིག་ འགོ་འདྲེན་འཐབ་ཡོདཔ།

    0 shares
    Share 0 Tweet 0
  • ཨེ་ཤི་ཡ་གོང་འཕེལ་དངུལ་ཁང་གིས་རྒྱལ་ཁབ་མཉམ་འབྲེལ་གྱི་ཐབས་བྱུས་གསརཔ་ཅིག་འགོ་བཙུགས་ཏེ་ཡོདཔ།

    0 shares
    Share 0 Tweet 0
འབྲུག་རྒྱང་བསྒྲཊ།

འབྲུག་རྒྱང་བསྒྲགས་ལས་འཛིན་འདི་ འབྲུག་གི་རྒྱལ་ཡོངས་རྒྱང་བསྒྲགས་ལས་འཛིན་གཙོ་བོ་ཅིག་ཨིནམ་ད་ འདི་གིས་ སྐད་ཡིག་སྣ་ཚོགས་ཀྱི་ཐོག་ལས་ གནས་ཚུལ་མ་འདྲཝ་དང་ སྤྲོ་བའི་ལས་རིམ་ཚུ་ བཀྲམ་སྤེལ་འབད་དེ་ ལམ་སྲོལ་གྱི་གོ་རྟོགས་དང་ མི་མང་གི་ཤེས་ཡོན་ཚུ་ ཡར་དྲག་བཏང་ཚུགསཔ་ཨིན།

མི་སྡེ་བརྡ་བརྒྱུད་ནང་ལུ་ ང་བཅས་ལུ་རྗེས་སུ་འཇུག་གནང་།

ཉེ་ཆར་གྱི་གནས་ཚུལ།

  • ཨེ་ཤི་ཡ་གོང་འཕེལ་དངུལ་ཁང་གིས་རྒྱལ་ཁབ་མཉམ་འབྲེལ་གྱི་ཐབས་བྱུས་གསརཔ་ཅིག་འགོ་བཙུགས་ཏེ་ཡོདཔ།
  • ཆུ་ཁ་རྫོང་ཁག་ནང་ཡོད་པའི་ གདུང་ན་ལྷ་ཁང་འདི་ ཉམས་གསོ་ཞུ་རན་ཏེ་ཡོདཔ།
  • སྤུ་ན་ཁ་གི་ཚེས་བཅུ་གི་སྐོར་ལས་ མི་ལེ་ཤ་ཅིག་གིས་རང་ མི་ཤེས་དོ་ཡོདཔ།

གནས་ཚུལ་སྡེ་ཚན།

  • ཚོང༌ལཱ།
  • རྩེད་རིགས།
  • ཤེས་ཡོན།
  • སྲིད་དོན།
  • ང་བཅས་ཀྱི་སྐོར།
  • འབྲེལ་བ་འཐབ་ས།
  • རྒྱང་མཐོང་ ༢ པ།

པར་དབང་ © འབྲུག་རྒྱང་བསྒྲཊ | དབང་ཆ་ཡོད་ཚད།

🔊 BBS.BT Listen to Article
Listen to Article
No Result
View All Result
  • གདོང་ཤོག
  • སྲིད་དོན།
  • ཚོང༌ལཱ།
  • ཤེས་ཡོན།
  • རྩེད་རིགས།
  • གསལ་བསྒྲགས།

པར་དབང་ © འབྲུག་རྒྱང་བསྒྲཊ | དབང་ཆ་ཡོད་ཚད།

♿ ACCESSIBILITY