Tuesday, May 5, 2026
  • ང་བཅས་ཀྱི་སྐོར།
  • འབྲེལ་བ་འཐབ་ས།
  • རྒྱང་མཐོང་ ༢ པ།
ENG
རྫོང་ཁ
འབྲུག་རྒྱང་བསྒྲཊ།
  • གདོང་ཤོག
  • སྲིད་དོན།
  • ཚོང༌ལཱ།
  • ཤེས་ཡོན།
  • རྩེད་རིགས།
  • གསལ་བསྒྲགས།
རྒྱང་བསྒྲགས་དངོས་གསན།
No Result
View All Result
འབྲུག་རྒྱང་བསྒྲཊ།
Home ཚོང༌ལཱ།

སྐྱེས་ལོ་ ༩༥ ལང་མི་ ཨཔ་སངས་རྒྱས་ཀྱིས་ ལོ་ཨ་རྟག་རང་ ཐིམ་ཕུག་ཚེས་བཅུ་མཇལ་བར་འོང་དོ་ཡོདཔ།

September 16, 2024
in ཚོང༌ལཱ།
0
སྐྱེས་ལོ་ ༩༥ ལང་མི་ ཨཔ་སངས་རྒྱས་ཀྱིས་ ལོ་ཨ་རྟག་རང་ ཐིམ་ཕུག་ཚེས་བཅུ་མཇལ་བར་འོང་དོ་ཡོདཔ།
0
SHARES
22
VIEWS
Share on FacebookShare on Twitter

༉ ཐིམ་ཕུག་གི་ལོ་བསྟར་ཚེས་བཅུ་ཉིནམ་གཉིས་པའི་ནང་ ཚེས་བཅུ་མཇལ་མི་ མི་སྟོང་ཕྲག་ལས་བཅད་དེ་འཛོམས་ནུག

Related posts

ཨེ་ཤི་ཡ་གོང་འཕེལ་དངུལ་ཁང་གིས་རྒྱལ་ཁབ་མཉམ་འབྲེལ་གྱི་ཐབས་བྱུས་གསརཔ་ཅིག་འགོ་བཙུགས་ཏེ་ཡོདཔ།

ཨེ་ཤི་ཡ་གོང་འཕེལ་དངུལ་ཁང་གིས་རྒྱལ་ཁབ་མཉམ་འབྲེལ་གྱི་ཐབས་བྱུས་གསརཔ་ཅིག་འགོ་བཙུགས་ཏེ་ཡོདཔ།

October 1, 2024
25
ཆུ་ཁ་རྫོང་ཁག་ནང་ཡོད་པའི་ གདུང་ན་ལྷ་ཁང་འདི་ ཉམས་གསོ་ཞུ་རན་ཏེ་ཡོདཔ།

ཆུ་ཁ་རྫོང་ཁག་ནང་ཡོད་པའི་ གདུང་ན་ལྷ་ཁང་འདི་ ཉམས་གསོ་ཞུ་རན་ཏེ་ཡོདཔ།

September 16, 2024
88

 ཚེས་བཅུ་མཇལ་མི་ཚུ་གི་གྲལ་ལས་ གཅིག་ སྐྱེས་ལོ་ ༩༥ ལང་མི་ ཨཔ་སངས་རྒྱས་ཨིནམ་ད་ ཁོ་རང་ ལོ་ན་རྒས་ཏེ་འབད་རུང་ ད་ལྟོའི་བར་ན་ཡང་ ཚེས་བཅུ་འདི་ དད་པ་དང་ཡིད་ཆེས་བསྐྱེད་དེ་ མ་ཆད་པ་རང་ མཇལ་བར་འགྱོ་དོ་ཡོདཔ་ཨིན་མས།

 ཐིམ་ཕུག་ དཀར་སྦི་ས་ལས་ཨིན་མི་ སངས་རྒྱས་ཀྱིས་ དྲོ་པ་ལས་རང་ ཏོག་མ་བཙུགས་སྦེ་ བུ་དང་གཅིག་ཁར་ བྱིན་རླབས་ཅན་གྱི་ཚེས་བཅུ་འདི་ མཇལ་བར་འགྱོ་དོ་ཡོདཔ་ད་ ཁོ་ལུ་ ཨ་ལུ་བདུན་ཡོདཔ་ཨིན་མས།

 ཁོ་གིས་སླབ་མི་ནང་ ཧེ་མ་འབད་བ་ཅིན་ ཐིམ་ཕུག་ཚེས་བཅུ་གི་སྐབས་ལུ་ སྐུ་འཆམ་ཚུ་མཇལ་ཁ་གནངམ་མ་གཏོགས་ ད་རེས་བཟུམ་སྦེ་ རང་ལུགས་ཀྱི་གླུ་གཞས་ཚུ་ སྤྱན་འབུལ་ཞུ་སྲོལ་མེད་ཟེར་བཤད་ཅི།

 ད་རུང་ ཁོ་གིས་བཤད་མི་ནང་ ཚེས་བཅུ་འདི་ནང་ མི་ག་ར་ གཅིག་ཁར་འཛོམས་དོ་ཡོདཔ་ལས་ འབྲུག་མི་ཚུ་གི་བར་ན་ མཐུན་ལམ་དང་མཉམ་འབྲེལ་ཚུ་ སྒྲིང་སྒྲིང་ཡོད་པའི་ བརྡ་མཚན་བཏོན་མས་ཟེར་ཨིན་མས།

 ཨཔ་སངས་རྒྱས་བཟུམ་སྦེ་རང་ མི་ཚུ་གིས་ ཚེས་བཅུ་འདི་ དད་པ་དང་ཡིད་ཆེས་བསྐྱེད་དེ་ མཇལ་བར་འོང་དོ་ཡོདཔ་ལས་ ཚེས་བཅུ་གི་སྲོལ་འདི་ ཡོངས་གྲགས་ཅན་ཅིག་སྦེ་ར་ བརྩི་སྲུང་ཞུ་དོ་ཡོདཔ་ཨིན་མས།

 ཨཔ་སངས་རྒྱས་ཀྱིས་སླབ་མི་ནང་ ཐིམ་ཕུག་ཚེས་བཅུ་འདི་ ཁོ་རང་མ་ཤི་ཚུན་ཚོད་རང་ མཇལ་བར་འོང་ནི་སྦེ་ཡོད་ཟེར་བཤད་ཅི།

 ཚེས་བཅུ་ཉིནམ་ ༢ པའི་ནང་ བྱིན་རླབས་ཅན་གྱི་ རཀྴ་དམངས་འཆམ་དང་གཅིག་ཁར་ དུར་བདག་དང་གཏུམ་རྔམ་གྱི་སྐུ་འཆམ་ཚུ་ མཇལ་ཁ་གནང་ནུག

Previous Post

ཨེ་ཤི་ཡ་གོང་འཕེལ་དངུལ་ཁང་གིས་ རྒྱལ་ཁབ་མཉམ་འབྲེལ་གྱི་ ཐབས་བྱུས་གསརཔ་ཅིག་ འགོ་བཙུགས་ཏེ་ཡོདཔ།

Next Post

ཐིམ་ཕུག་ ཆུ་ཚོད་འཁོར་ལོ་ཀ་ཆེན་གྱི་ས་སྒོ་ནང་ ཚེ་བཅུ་གི་འགྲེམ་སྟོན་ལས་རིམ་ཅིག་ འགོ་འདྲེན་འཐབ་ཡོདཔ།

RECOMMENDED NEWS

བཀྲ་ཤིས་ཐང་འབྲིང་རིམ་སློབ་གྲྭ་བར་མའི་ནང་ གཞི་རྟེན་མཐུན་རྐྱེན་མ་ལང་པའི་དཀའ་ངལ་ཡོདཔ།

བཀྲ་ཤིས་ཐང་འབྲིང་རིམ་སློབ་གྲྭ་བར་མའི་ནང་ གཞི་རྟེན་མཐུན་རྐྱེན་མ་ལང་པའི་དཀའ་ངལ་ཡོདཔ།

2 years ago
26
ཨེ་ཤི་ཡ་གོང་འཕེལ་དངུལ་ཁང་གིས་རྒྱལ་ཁབ་མཉམ་འབྲེལ་གྱི་ཐབས་བྱུས་གསརཔ་ཅིག་འགོ་བཙུགས་ཏེ་ཡོདཔ།

ཨེ་ཤི་ཡ་གོང་འཕེལ་དངུལ་ཁང་གིས་རྒྱལ་ཁབ་མཉམ་འབྲེལ་གྱི་ཐབས་བྱུས་གསརཔ་ཅིག་འགོ་བཙུགས་ཏེ་ཡོདཔ།

2 years ago
25
བསམ་གྲུབ་ལྗོངས་མཁར་ ཝང་ཕུག་རྒེད་འོག་ནང་ ལྕགས་བཟོ་གི་ལཱ་འདི་ ཉམས་འགྱོ་དོ་ཡོདཔ།

བསམ་གྲུབ་ལྗོངས་མཁར་ ཝང་ཕུག་རྒེད་འོག་ནང་ ལྕགས་བཟོ་གི་ལཱ་འདི་ ཉམས་འགྱོ་དོ་ཡོདཔ།

2 years ago
29
སྐྱེས་ལོ་ ༩༥ ལང་མི་ ཨཔ་སངས་རྒྱས་ཀྱིས་ ལོ་ཨ་རྟག་རང་ ཐིམ་ཕུག་ཚེས་བཅུ་མཇལ་བར་འོང་དོ་ཡོདཔ།

སྐྱེས་ལོ་ ༩༥ ལང་མི་ ཨཔ་སངས་རྒྱས་ཀྱིས་ ལོ་ཨ་རྟག་རང་ ཐིམ་ཕུག་ཚེས་བཅུ་མཇལ་བར་འོང་དོ་ཡོདཔ།

2 years ago
22

FOLLOW US

BROWSE BY CATEGORIES

  • ཚོང༌ལཱ།
  • རྩེད་རིགས།
  • ཤེས་ཡོན།
  • སྲིད་དོན།

POPULAR NEWS

  • ཆུ་ཁ་རྫོང་ཁག་ནང་ཡོད་པའི་ གདུང་ན་ལྷ་ཁང་འདི་ ཉམས་གསོ་ཞུ་རན་ཏེ་ཡོདཔ།

    ཆུ་ཁ་རྫོང་ཁག་ནང་ཡོད་པའི་ གདུང་ན་ལྷ་ཁང་འདི་ ཉམས་གསོ་ཞུ་རན་ཏེ་ཡོདཔ།

    0 shares
    Share 0 Tweet 0
  • སྤུ་ན་ཁ་གི་ཚེས་བཅུ་གི་སྐོར་ལས་ མི་ལེ་ཤ་ཅིག་གིས་རང་ མི་ཤེས་དོ་ཡོདཔ།

    0 shares
    Share 0 Tweet 0
  • བསམ་གྲུབ་ལྗོངས་མཁར་ ཝང་ཕུག་རྒེད་འོག་ནང་ ལྕགས་བཟོ་གི་ལཱ་འདི་ ཉམས་འགྱོ་དོ་ཡོདཔ།

    0 shares
    Share 0 Tweet 0
  • ཐིམ་ཕུག་ ཆུ་ཚོད་འཁོར་ལོ་ཀ་ཆེན་གྱི་ས་སྒོ་ནང་ ཚེ་བཅུ་གི་འགྲེམ་སྟོན་ལས་རིམ་ཅིག་ འགོ་འདྲེན་འཐབ་ཡོདཔ།

    0 shares
    Share 0 Tweet 0
  • བཀྲ་ཤིས་ཐང་འབྲིང་རིམ་སློབ་གྲྭ་བར་མའི་ནང་ གཞི་རྟེན་མཐུན་རྐྱེན་མ་ལང་པའི་དཀའ་ངལ་ཡོདཔ།

    0 shares
    Share 0 Tweet 0
འབྲུག་རྒྱང་བསྒྲཊ།

འབྲུག་རྒྱང་བསྒྲགས་ལས་འཛིན་འདི་ འབྲུག་གི་རྒྱལ་ཡོངས་རྒྱང་བསྒྲགས་ལས་འཛིན་གཙོ་བོ་ཅིག་ཨིནམ་ད་ འདི་གིས་ སྐད་ཡིག་སྣ་ཚོགས་ཀྱི་ཐོག་ལས་ གནས་ཚུལ་མ་འདྲཝ་དང་ སྤྲོ་བའི་ལས་རིམ་ཚུ་ བཀྲམ་སྤེལ་འབད་དེ་ ལམ་སྲོལ་གྱི་གོ་རྟོགས་དང་ མི་མང་གི་ཤེས་ཡོན་ཚུ་ ཡར་དྲག་བཏང་ཚུགསཔ་ཨིན།

མི་སྡེ་བརྡ་བརྒྱུད་ནང་ལུ་ ང་བཅས་ལུ་རྗེས་སུ་འཇུག་གནང་།

ཉེ་ཆར་གྱི་གནས་ཚུལ།

  • ཨེ་ཤི་ཡ་གོང་འཕེལ་དངུལ་ཁང་གིས་རྒྱལ་ཁབ་མཉམ་འབྲེལ་གྱི་ཐབས་བྱུས་གསརཔ་ཅིག་འགོ་བཙུགས་ཏེ་ཡོདཔ།
  • ཆུ་ཁ་རྫོང་ཁག་ནང་ཡོད་པའི་ གདུང་ན་ལྷ་ཁང་འདི་ ཉམས་གསོ་ཞུ་རན་ཏེ་ཡོདཔ།
  • སྤུ་ན་ཁ་གི་ཚེས་བཅུ་གི་སྐོར་ལས་ མི་ལེ་ཤ་ཅིག་གིས་རང་ མི་ཤེས་དོ་ཡོདཔ།

གནས་ཚུལ་སྡེ་ཚན།

  • ཚོང༌ལཱ།
  • རྩེད་རིགས།
  • ཤེས་ཡོན།
  • སྲིད་དོན།
  • ང་བཅས་ཀྱི་སྐོར།
  • འབྲེལ་བ་འཐབ་ས།
  • རྒྱང་མཐོང་ ༢ པ།

པར་དབང་ © འབྲུག་རྒྱང་བསྒྲཊ | དབང་ཆ་ཡོད་ཚད།

🔊 BBS.BT Listen to Article
Listen to Article
No Result
View All Result
  • གདོང་ཤོག
  • སྲིད་དོན།
  • ཚོང༌ལཱ།
  • ཤེས་ཡོན།
  • རྩེད་རིགས།
  • གསལ་བསྒྲགས།

པར་དབང་ © འབྲུག་རྒྱང་བསྒྲཊ | དབང་ཆ་ཡོད་ཚད།

♿ ACCESSIBILITY