Wednesday, January 7, 2026
  • ང་བཅས་ཀྱི་སྐོར།
  • འབྲེལ་བ་འཐབ་ས།
  • རྒྱང་མཐོང་ ༢ པ།
ENG
རྫོང་ཁ
འབྲུག་རྒྱང་བསྒྲཊ།
  • གདོང་ཤོག
  • སྲིད་དོན།
  • ཚོང༌ལཱ།
  • ཤེས་ཡོན།
  • རྩེད་རིགས།
  • གསལ་བསྒྲགས།
རྒྱང་བསྒྲགས་དངོས་གསན།
No Result
View All Result
འབྲུག་རྒྱང་བསྒྲཊ།
Home ཚོང༌ལཱ།

ཆུ་ཁ་རྫོང་ཁག་ནང་ཡོད་པའི་ གདུང་ན་ལྷ་ཁང་འདི་ ཉམས་གསོ་ཞུ་རན་ཏེ་ཡོདཔ།

September 16, 2024
in ཚོང༌ལཱ།, ཤེས་ཡོན།
0
ཆུ་ཁ་རྫོང་ཁག་ནང་ཡོད་པའི་ གདུང་ན་ལྷ་ཁང་འདི་ ཉམས་གསོ་ཞུ་རན་ཏེ་ཡོདཔ།
0
SHARES
72
VIEWS
Share on FacebookShare on Twitter

༉ ཆུ་ཁ་རྫོང་ཁག་ གདུང་ན་རྒེད་འོག་གི་མི་སེར་ཚུ་ རྒེད་འོག་ནང་ ལྷ་ཁང་རྙིང་ཤོས་ཅིག་ལས་བརྒལ་མེད་མི་འདི་ ཉམས་ཆག་ཤོར་དོ་ཡོད་མི་ལུ་ ཚ་གྱང་ལང་སྟེ་འདུག

Related posts

ཨེ་ཤི་ཡ་གོང་འཕེལ་དངུལ་ཁང་གིས་རྒྱལ་ཁབ་མཉམ་འབྲེལ་གྱི་ཐབས་བྱུས་གསརཔ་ཅིག་འགོ་བཙུགས་ཏེ་ཡོདཔ།

ཨེ་ཤི་ཡ་གོང་འཕེལ་དངུལ་ཁང་གིས་རྒྱལ་ཁབ་མཉམ་འབྲེལ་གྱི་ཐབས་བྱུས་གསརཔ་ཅིག་འགོ་བཙུགས་ཏེ་ཡོདཔ།

October 1, 2024
15
སྤུ་ན་ཁ་གི་ཚེས་བཅུ་གི་སྐོར་ལས་ མི་ལེ་ཤ་ཅིག་གིས་རང་ མི་ཤེས་དོ་ཡོདཔ།

སྤུ་ན་ཁ་གི་ཚེས་བཅུ་གི་སྐོར་ལས་ མི་ལེ་ཤ་ཅིག་གིས་རང་ མི་ཤེས་དོ་ཡོདཔ།

September 16, 2024
52

 མ་གཞི་ ལྷ་ཁང་འདི་ ཉམས་གསོ་ཨ་ཙི་རེ་ཞུ་སྟེ་ཡོད་རུང་ གྱང་ཚུ་གུ་ སེར་གུ་འཐོན་ཡོདཔ་མ་ཚད་ འཐིང་གཞི་ཚུ་ཡང་ མེདཔ་ཐལ་ཏེ་ཡོདཔ་ཨིན་མས།

 གདུང་ན་ལྷ་ཁང་འདི་ དུས་རབས་ ༡༦ པའི་ནང་བཞེངས་ཡོདཔ་སྦེ་ ཡིད་ཆེས་བསྐྱེད་དོ་ཡོདཔ་ད་ ལྷ་ཁང་འདི་ ལོ་ ༡༠ དེ་ཅིག་གི་ཧེ་མ་ ཉམས་གསོ་ཞུ་ཡོདཔ་ཨིན་མས།

 ཨིན་རུང་ ལྷ་ཁང་གི་གནས་སྟངས་འདི་ སྐྱོ་སུ་ཐལ་ཏེ་ར་ཡོདཔ་ལས་ ཆརཔ་རྐྱབ་ད་ལུ་ ལྷ་ཁང་ནང་ན་ ཆུ་འཛགས་དོ་ཡོདཔ་ཨིན་མས།

 མི་སེར་ཚུ་གིས་ གནད་དོན་འདི་གི་སྐོར་ལས་ རྒེད་འོག་བདག་སྐྱོང་ལུ་ ཚ་གྱང་ཚུ་བཤད་དེ་ཡོད་རུང་ ཁོང་གིས་སླབ་མི་ནང་ རྒྱལ་ཁབ་ཀྱི་དངུལ་འབྲེལ་གྱི་ལམ་ལུགས་དང་འཁྲིལཔ་ད་ རྒེད་འོག་གིས་ཡང་ ལྷ་ཁང་འདི་ཉམས་གསོ་ཞུ་སྟེ་ མིང་སེར་ཚུ་ལུ་ ཆ་རོགས་འབད་ཚུགས་པའི་ ལམ་ཅིག་མིན་འདུག་ཟེར་ཨིན་མས།

 ས་གནས་གཞུང་གི་ལོ་བསྟར་གནང་སྦྱིན་ལམ་ལུགས་དང་འཁྲིལཔ་ད་ དགོས་མཁོ་དང་བསྟུན་ ལམ་སྲོལ་དང་ ཆོས་དང་འབྲེལ་བའི་སྲོལ་ཁྱུན་ཚུ་ ཉམས་སྲུང་དང་དར་ཁྱབ་གཏང་ནི་གི་ལཱ་དང་ལས་རིམ་ཚུ་གི་དོན་ལུ་ ལོ་བསྟར་གྱི་གནང་སྦྱིན་ལས་ བརྒྱ་ཆ་ ༡༠ ལས་བརྒལ་ གཏང་མ་ཆོགཔ་སྦེ་འཁོད་དེ་འདུག

 གདུང་ན་གི་མི་སེར་ཚུ་དང་འཁྲིལཔ་ད་ འདི་བཟུམ་མའི་ལཱ་དང་ལས་རིམ་གྱི་དོན་ལུ་ ལག་ལེན་འཐབ་ཆོག་པའི་ མ་དངུལ་འདི་གིས་ མ་པ་ལས་ར་ ལང་མི་ཚུགས་དོ་ཡོདཔ་ལས་ དེམ་ཅིག་གི་བར་ན་ རྒྱལ་རབས་ཅན་གྱི་སྲོལ་རྒྱུན་ཚུ་ མེདཔ་ཐལཝ་མས་ཟེར་ཨིན་མས།

 འདི་དང་གཅིག་ཁར་ གདུང་ན་ལྷ་ཁང་ཉམས་ཆག་ཤོར་དོ་ཡོད་མི་ལུ་ མི་སེར་ཚུ་གིས་ གནས་སྐབས་ཀྱི་ཐབས་ལམ་ཚུ་བཏོན་ཏེ་འདུག

 ཆརཔ་ནང་ན་འཛགས་མ་བཅུག་ནི་གི་དོན་ལུ་ གནམ་སྤང་གུ་ལས་ ལྕགས་ཤོག་ཚུ་བཀབ་སྟེ་ཡོདཔ་ད་ ནང་ན་འབད་བ་ཅིན་ འཐིང་གཞི་མེདཔ་ཐལ་ཡོད་མི་ཚུ་གུ་ལུ་ གདན་དམརཔོ་ཚུ་འཐིང་སྟེ་ཡོདཔ་ཨིན་མས།

 འདི་ཡང་ ལྷ་ཁང་གི་གནས་སྟངས་འདི་ ཧེང་སྐལ་མེདཔ་ཐལ་མི་བཅུག་ནི་དང་ སྐྱོ་སི་སི་སྦེ་ མི་མཐོང་ནི་གི་དོན་ལུ་ཨིན་མས།

Previous Post

སྤུ་ན་ཁ་གི་ཚེས་བཅུ་གི་སྐོར་ལས་ མི་ལེ་ཤ་ཅིག་གིས་རང་ མི་ཤེས་དོ་ཡོདཔ།

Next Post

ཨེ་ཤི་ཡ་གོང་འཕེལ་དངུལ་ཁང་གིས་རྒྱལ་ཁབ་མཉམ་འབྲེལ་གྱི་ཐབས་བྱུས་གསརཔ་ཅིག་འགོ་བཙུགས་ཏེ་ཡོདཔ།

Next Post
ཨེ་ཤི་ཡ་གོང་འཕེལ་དངུལ་ཁང་གིས་རྒྱལ་ཁབ་མཉམ་འབྲེལ་གྱི་ཐབས་བྱུས་གསརཔ་ཅིག་འགོ་བཙུགས་ཏེ་ཡོདཔ།

ཨེ་ཤི་ཡ་གོང་འཕེལ་དངུལ་ཁང་གིས་རྒྱལ་ཁབ་མཉམ་འབྲེལ་གྱི་ཐབས་བྱུས་གསརཔ་ཅིག་འགོ་བཙུགས་ཏེ་ཡོདཔ།

RECOMMENDED NEWS

ཨེ་ཤི་ཡ་གོང་འཕེལ་དངུལ་ཁང་གིས་ རྒྱལ་ཁབ་མཉམ་འབྲེལ་གྱི་ ཐབས་བྱུས་གསརཔ་ཅིག་ འགོ་བཙུགས་ཏེ་ཡོདཔ།

ཨེ་ཤི་ཡ་གོང་འཕེལ་དངུལ་ཁང་གིས་ རྒྱལ་ཁབ་མཉམ་འབྲེལ་གྱི་ ཐབས་བྱུས་གསརཔ་ཅིག་ འགོ་བཙུགས་ཏེ་ཡོདཔ།

1 year ago
20
དཔལ་ལྟ་རི་སྤྱི་འོག་གི་མི་སེར་ཚུ་གིས་ སྤྱི་འོག་གི་སོ་ནམ་ཞིང་ལམ་འདི་ རྩི་ནག་གཏང་དགོ་པའི་ ཞུ་བ་འབད་དོ་ཡོདཔ།

དཔལ་ལྟ་རི་སྤྱི་འོག་གི་མི་སེར་ཚུ་གིས་ སྤྱི་འོག་གི་སོ་ནམ་ཞིང་ལམ་འདི་ རྩི་ནག་གཏང་དགོ་པའི་ ཞུ་བ་འབད་དོ་ཡོདཔ།

1 year ago
19
བསམ་གྲུབ་ལྗོངས་མཁར་ ཝང་ཕུག་རྒེད་འོག་ནང་ ལྕགས་བཟོ་གི་ལཱ་འདི་ ཉམས་འགྱོ་དོ་ཡོདཔ།

བསམ་གྲུབ་ལྗོངས་མཁར་ ཝང་ཕུག་རྒེད་འོག་ནང་ ལྕགས་བཟོ་གི་ལཱ་འདི་ ཉམས་འགྱོ་དོ་ཡོདཔ།

1 year ago
24
ཆུ་ཁ་རྫོང་ཁག་ནང་ཡོད་པའི་ གདུང་ན་ལྷ་ཁང་འདི་ ཉམས་གསོ་ཞུ་རན་ཏེ་ཡོདཔ།

ཆུ་ཁ་རྫོང་ཁག་ནང་ཡོད་པའི་ གདུང་ན་ལྷ་ཁང་འདི་ ཉམས་གསོ་ཞུ་རན་ཏེ་ཡོདཔ།

1 year ago
72

FOLLOW US

BROWSE BY CATEGORIES

  • ཚོང༌ལཱ།
  • རྩེད་རིགས།
  • ཤེས་ཡོན།
  • སྲིད་དོན།

POPULAR NEWS

  • ཆུ་ཁ་རྫོང་ཁག་ནང་ཡོད་པའི་ གདུང་ན་ལྷ་ཁང་འདི་ ཉམས་གསོ་ཞུ་རན་ཏེ་ཡོདཔ།

    ཆུ་ཁ་རྫོང་ཁག་ནང་ཡོད་པའི་ གདུང་ན་ལྷ་ཁང་འདི་ ཉམས་གསོ་ཞུ་རན་ཏེ་ཡོདཔ།

    0 shares
    Share 0 Tweet 0
  • སྤུ་ན་ཁ་གི་ཚེས་བཅུ་གི་སྐོར་ལས་ མི་ལེ་ཤ་ཅིག་གིས་རང་ མི་ཤེས་དོ་ཡོདཔ།

    0 shares
    Share 0 Tweet 0
  • བསམ་གྲུབ་ལྗོངས་མཁར་ ཝང་ཕུག་རྒེད་འོག་ནང་ ལྕགས་བཟོ་གི་ལཱ་འདི་ ཉམས་འགྱོ་དོ་ཡོདཔ།

    0 shares
    Share 0 Tweet 0
  • ཐིམ་ཕུག་ ཆུ་ཚོད་འཁོར་ལོ་ཀ་ཆེན་གྱི་ས་སྒོ་ནང་ ཚེ་བཅུ་གི་འགྲེམ་སྟོན་ལས་རིམ་ཅིག་ འགོ་འདྲེན་འཐབ་ཡོདཔ།

    0 shares
    Share 0 Tweet 0
  • བཀྲ་ཤིས་ཐང་འབྲིང་རིམ་སློབ་གྲྭ་བར་མའི་ནང་ གཞི་རྟེན་མཐུན་རྐྱེན་མ་ལང་པའི་དཀའ་ངལ་ཡོདཔ།

    0 shares
    Share 0 Tweet 0
འབྲུག་རྒྱང་བསྒྲཊ།

འབྲུག་རྒྱང་བསྒྲགས་ལས་འཛིན་འདི་ འབྲུག་གི་རྒྱལ་ཡོངས་རྒྱང་བསྒྲགས་ལས་འཛིན་གཙོ་བོ་ཅིག་ཨིནམ་ད་ འདི་གིས་ སྐད་ཡིག་སྣ་ཚོགས་ཀྱི་ཐོག་ལས་ གནས་ཚུལ་མ་འདྲཝ་དང་ སྤྲོ་བའི་ལས་རིམ་ཚུ་ བཀྲམ་སྤེལ་འབད་དེ་ ལམ་སྲོལ་གྱི་གོ་རྟོགས་དང་ མི་མང་གི་ཤེས་ཡོན་ཚུ་ ཡར་དྲག་བཏང་ཚུགསཔ་ཨིན།

མི་སྡེ་བརྡ་བརྒྱུད་ནང་ལུ་ ང་བཅས་ལུ་རྗེས་སུ་འཇུག་གནང་།

ཉེ་ཆར་གྱི་གནས་ཚུལ།

  • ཨེ་ཤི་ཡ་གོང་འཕེལ་དངུལ་ཁང་གིས་རྒྱལ་ཁབ་མཉམ་འབྲེལ་གྱི་ཐབས་བྱུས་གསརཔ་ཅིག་འགོ་བཙུགས་ཏེ་ཡོདཔ།
  • ཆུ་ཁ་རྫོང་ཁག་ནང་ཡོད་པའི་ གདུང་ན་ལྷ་ཁང་འདི་ ཉམས་གསོ་ཞུ་རན་ཏེ་ཡོདཔ།
  • སྤུ་ན་ཁ་གི་ཚེས་བཅུ་གི་སྐོར་ལས་ མི་ལེ་ཤ་ཅིག་གིས་རང་ མི་ཤེས་དོ་ཡོདཔ།

གནས་ཚུལ་སྡེ་ཚན།

  • ཚོང༌ལཱ།
  • རྩེད་རིགས།
  • ཤེས་ཡོན།
  • སྲིད་དོན།
  • ང་བཅས་ཀྱི་སྐོར།
  • འབྲེལ་བ་འཐབ་ས།
  • རྒྱང་མཐོང་ ༢ པ།

པར་དབང་ © འབྲུག་རྒྱང་བསྒྲཊ | དབང་ཆ་ཡོད་ཚད།

No Result
View All Result
  • གདོང་ཤོག
  • སྲིད་དོན།
  • ཚོང༌ལཱ།
  • ཤེས་ཡོན།
  • རྩེད་རིགས།
  • གསལ་བསྒྲགས།

པར་དབང་ © འབྲུག་རྒྱང་བསྒྲཊ | དབང་ཆ་ཡོད་ཚད།