པད་དཀར་གྱི་ལཱ་ ལོག་སྟེ་འབད་དོ་ཡོདཔ།

༉ ནད་ཡམས་ཀྱི་གནས་སྟངས་ནང་ ས་མཚམས་ཚུ་སྒོ་བསྡམ་སྟེ་འབདཝ་ལས་ བསམ་གྲུབ་ལྗོངས་མཁར་ བདེ་བ་ཐང་ལུ་ བོང་ཏེ་རི་ ཚོད་བསྲེ་སྡེ་ཚན་གྱིས་ འདས་པའི་ལོ་༢ཀྱི་རིང་ པད་དཀར་གྱི་ལཱ་འབད་ནི་གི་ བཀོག་བཞག་ནུག

ཁོང་ར་ལུ་ མར་ཁུ་བཙིར་ནིའི་ འཕྲུལ་ཆས་ཅིག་མེདཔ་ལས་ ཨ་རྟགས་འབད་བ་ཅིན་ པད་དཀར་ཚུ་ རྒྱ་གར་ལུ་སྐྱེལ་དོ་ཡོདཔ་ཨིན་མས།

ཨིན་རུང་ ད་རེས་ཀྱི་ ཟླཝ་འགོ་བཙུགས་ཁམས་ལུ་ བསམ་གྲུབ་ལྗོངས་མཁར་གཙོ་རིམ་ཟེར་མི་ ལས་སྡེའི་ཁ་ཐུག་ལས་ མར་ཁུ་བཙིར་ནིའི་འཕྲུལ་ཅིག་ བཙུགས་ཡོདཔ་ལས་ པད་དཀར་གྱི་ལཱ་ཚུ་ཡང་ ལོག་སྟེ་འབད་ནི་ འགོ་བཙུགས་ནུག

སྡེ་ཚན་འདི་གིས་ ལོ་རེ་ནང་ མར་ཁུ་ལི་ཀྲར་༣༠༠ལས་༤༠༠གི་བར་ན་ བཏོན་དོ་ཡོདཔ་ཨིན་མས།

རྒྱལ་ཁབ་ནང་ ཅ་རྣམ་གྱི་རིགས་ ལེ་ཤ་སྦེ་ ནང་འདྲེན་འཐབ་མི་ཚུ་གི་གྲས་ལས་ གཅིག་ ཚོ་ཏོ་མར་ཁུ་འདི་ཨིན་མས།

འབྲུག་བཟའ་སྤྱོད་ལས་འཛིན་དང་འཁྲིལཝ་དང་ ན་ཧིང་ འབྲུག་རྒྱལ་ཁབ་ཀྱིས་ དངུལ་ཀྲམ་ས་ཡ་༢༥༠ལྷགཔ་ཅིག་གནས་པའི་ ཚོ་ཏོ་མར་ཁུ་ཚུ་ ནང་འདྲེན་འཐབ་ཡོདཔ་སྦེ་ཨིན་མས།

གནས་ཚུལ་བསྡུ་ལེན་འབད་མི་ ཀུན་ལེགས་དབང་ཕྱུག བསམ་གྲུབ་ལྗོངས་མཁར།

 

 

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར་ཕཀོད་ས།

Please enter your comment!
Please enter your name here

བསམ་འཆར།

Facebook
Twitter
YouTube