གཟའ་པ་སངས། ༢༠༢༠ ཟླ་༧ པའི་སྤྱི་ཚེས་༢

སྐྱིད་སྡུག་གོ་རིམ་གཉིས་པ་གནང་མི་ལུ་ མི་སེར་ཚུ་ལས་དགའ་འཚོར་གྱི་ཞུ་བ།

སྤྱི་ཟླ་༦ པའི་ཚེས་ ༣༠ ༢༠༢༠

༉ རྒྱལ་ཁབ་ནང་ལུ་ ནད་ཡམས་ཀོ་ཝིཊ་ནའིན་ཊིན་ལུ་བརྟེན་ཏེ་ འབྲུག་མི་ཚུ་ ཁ་མེད་དབང་མེད་སོང་ཡོད་རུང་ ད་རུང་ར་ འབྲུག་རྒྱལ་པོའི་སྐྱིད་སྡུག་ འཕྲོ་མཐུད་དེ་ར་གནང་མི་འདི་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལུ་ དགའ་སྤྲོ་ཚད་མེད་ཀྱི་སྒོ་ལས་ བཀའ་དྲིན་དགའ་འཚོར་ཚུ་ཕུལཝ་ཨིན་མས།

སྐྱིད་སྡུག་གི་གསལ་བསྒྲགས་འདི་ཡང་ ནད་ཡམས་འདི་གི་གནས་སྟངས་ དེ་སྦེ་ར་ལུས་མི་དང་ མི་སེར་ཚུ་ ད་ལས་ཕར་ ག་དེ་སྦེ་འབད་ནི་ཨིན་ན་ཡང་མ་ཤེས་པར་ སྡོད་པའི་ནམ་དུས་ལུ་ འབད་དེ་ཡོདཔ་ཨིན།