གཟའ་ཉི་མ། ༢༠༢༠ ཟླ་༥ པའི་སྤྱི་ཚེས་༣༠

ཀོ་ཝིཌ19་འཐོབ་མི་༢༤་ལུ་ལྷོད་ཡོདཔ།

སྤྱི་ཟླ་༥ པའི་ཚེས་ ༢༣ ༢༠༢༠

༉ ད་རུང་ར་ མི་གཅིག་ལུ་ ནད་གཞི་ཀོ་ཝིཌ-༡༩་འཐོབ་ཡོདཔ་ལས་ རྒྱལ་ཁབ་ནང་ལུ་ ནད་གཞི་འཐོབ་མི་གི་གྱངས་ཁ་བསྡོམ་ ༢༤་ལུ་ལྷོད་ཡོདཔ་ཨིན།

ནད་གཞི་འཐོབ་མི་༢༤་པ་འདི་ཡང་ ལོ་༣༣་ལངས་མི་ཨམ་སྲུ་གཅིག་ཨིནམ་ད་ མོ་འཕྲལ་ཁམས་ཅིག་ཁར་ མི་དྲཱལ་ཨིསཊ་ལས་ ལོག་འོང་ཡོདཔ་ཨིན་མས།

ད་རེས་ རྒྱལ་ཁབ་ནང་ལུ་ ནད་གཞི་འཐོབ་སྟེ་ཡོད་མི་༡༨་ཡོདཔ་ད་ ཁོང་༦་འདི་ ནད་གཞི་འདི་ལས་ དྲག་ཡོདཔ་ཨིན།

རྒྱལ་ཁབ་ནང་ལུ་ ནད་གཞི་འདི་ མི་སྡེའི་ནང་ལུ་ ཁྱབ་སྤེལ་མ་འགྱོ་བ་ཡོདཔ་ལས་ ནད་ཡམས་ ཀོ་ཝིཌ-༡༩་གི་དབྱེ་རིམ་ནང་ལུ་ འབྲུག་རྒྱལ་ཁབ་འདི་ ཚོས་གཞི་ལི་ཝང་སྦེ་ར་ཡོདཔ་ཨིན།