གཟའ་མིག་དམར། ༢༠༡༩ ཟླ་༨ པའི་སྤྱི་ཚེས་༡༩

འབྲུག་རང་བཞིན་གནས་སྟངས་ཉམས་སྲུང་བློ་གཏད་མ་དངུལ་གྱིས་ མ་དངུལ་ཡུ་ཨེསི་ཌོ་ལར་ས་ཡ་༧་རེ་རྒྱབ་སྐྱོར་།

སྤྱི་ཟླ་༨ པའི་ཚེས་ ༡༤ ༢༠༡༩

༉ ད་རིས་ འབྲུག་རང་བཞིན་གནས་སྟངས་ཉམས་སྲུང་བློ་གཏད་མ་དངུལ་དང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་༢ཀྱི་བར་ན་ གོ་བརྡའི་ཆིངས་ཡིག་གུར་ མཚན་རྟགས་བཀོད་དེ་སྦེ་འདུག

འབྲུག་བློ་གཏད་མ་དངུལ་འདི་གིས་ བྷུ་ཌན་ཕོར་ལའིཕ་ཟེར་མི་གི་ལས་རིམ་ཚུ་ལུ་ ལོ་༡༤གི་རིང་ལུ་ མ་དངུལ་ཡུ་ཨེསི་ཌོ་ལར་ས་ཡ་༧་རེ་རྒྱབ་སྐྱོར་བྱིན་ནི་ཨིན་མས།

མ་དངུལ་ཚུ་ཡང་ རི་དྭག་སེམ་ཅན་ཚུ་ཁྱམས་སའི་ས་གོ་དང་ སྲུང་སྐྱོབ་ས་ཁོངས་ཀྱི་ནང་ལས་ཕར་ ལས་འགུལ་ཚུ་འགོ་འདྲེན་འཐབ་ནི་གི་དོན་ལུ་ གཡོག་བཀོལ་ནི་སྦེ་འདུག

འབྲུག་རང་བཞིན་གནས་སྟངས་ཉམས་སྲུང་བློ་གཏད་མ་དངུལ་གྱིས་ ལས་འགུལ་འགོ་འདྲེན་འཐབ་མི་སྡེ་ཚན་གྱིས་ ལོ་བསྟར་གྱི་ལས་འཆར་བརྩམས་མི་དང་འཁྲིལ་ཏེ་ ལོ་བསྟར་བཞིན་དུ་རང་ མ་དངུལ་དངུལ་ཀྲམ་ས་ཡ་ཕྱེད་ད་༣༣རེ་བྱིན་ནི་ཨིན་མས།