གཟའ་ཉི་མ། ༢༠༡༩ ཟླ་༡༡ པའི་སྤྱི་ཚེས་༡༦

གསེར་ནག་ཚོང་ནང་དོགས་པ་ཡོད་མི་ འབྲུག་པའི་ཕོ་སྐྱེས་༤ བཟུང་ཡོདཔ།

སྤྱི་ཟླ་༡༡ པའི་ཚེས་ ༢༦ ༢༠༡༨

༉ རྒྱ་གར་གྱི་ཁྲིམས་སྲུང་འགོ་དཔོན་ཚུ་གིས་ གསེར་ནག་ཚོང་འཐབ་ནི་གི་ དཔའ་བཅམ་ཡོད་པའི་ དོགས་པ་ལུ་བརྟེན་ འབྲུག་པའི་ཕོ་སྐྱེས་༤ བཟུང་སྟེ་སྦེ་ཡོདཔ་ཨིན་མས།

ཁོང་ཆ་ཁྱབ་ཡང་ སྤྱི་ཟླ་༡༠ པའི་ནང་ རྒྱ་གར་ནེའུ་དི་ལི་ལུ་ རེ་ལི་བཀག་སའི་ས་གོ་གཉིས་ཀྱི་ནང་ལས་ ཉིནམ་གཅིག་ནང་ བཟུང་ཡོདཔ་ཨིན་མས།

གནད་དོན་འདི་ཡང་ རྒྱ་གར་ནེའུ་དི་ལི་ལུ་ཡོད་པའི་ འབྲུག་གི་གདོན་གཅོད་ཡིག་ཚང་གིས་ རྒྱ་གར་གཞུང་ལས་ བརྡ་དོན་ཚུ་ཐོབ་པའི་ཤུལ་མ་ ཁོང་ཆ་ཁྱབ་ འབྲུག་མི་ཨིནམ་ གཏན་འཁེལ་ཨིནམ་སྦེ་ཧ་གོ་ནུག

ད་རེས་ གདོན་གཅོད་ཡིག་ཚང་གིས་ ཁོང་ཕོ་སྐྱེས་༤ གི་སྐོར་ལས་ གནད་དོན་ཁ་གསལ་ཚུ་ ལེན་ནི་གི་ དཔའ་བཅམ་དོ་ཡོདཔ་ཨིན་མས།