གཟའ་ཟླ་བ། ༢༠༡༡ ཟླ་༡ པའི་སྤྱི་ཚེས་༢༤

སྲོག་རླུང་དང་ནཱའི་ཊོ་ཇེན་གྱི་ འཕྲུལ་ཁང་རྐྱབ་པའི་བསྒང་།

སྤྱི་ཟླ་༧ པའི་ཚེས་ ༡༢ ༢༠༡༨

 

༉ དགེ་ལེགས་ཕུག་ལུ་ རླུང་གི་འཕྲུལ་ཁང་ཅིག་ རྐྱབ་པའི་བསྒང་ཡོདཔ་ལས་ རྒྱལ་ཁབ་ནང་ལུ་ ཤུལ་ལས་ སྨན་བཅོས་དང་བཟོ་གྲྭ་གི་དོན་ལུ་ སྲོག་རླུང་དང་ནཱའི་ཊོ་ཇེན་ཚུ་ ནང་འདྲེན་འཐབ་མི་དགོ་ནི་ཨིན་མས།

བཟོ་གྲྭ་འཕྲུལ་ཁང་འདི་གིས་ རྒྱལ་ཁབ་ནང་གི་སྨན་ཁང་དང་ སྣུམ་འཁོར་བཅོ་ཁང་ དེ་ལས་ བཟོ་གྲྭ་འཕྲུལ་ཁང་ཚུ་གིས་ མཁོ་འདོད་བསྐྱེད་མི་དང་འཁྲིལ་ཏེ་ བཀྲབ་སྤེལ་འབད་ཚུགས་པའི་ རེ་བ་འདུག

ད་རུང་ འཕྲུལ་ཁང་འདི་གིས་ ནཱའི་ཊོ་ཇེན་ཆུ་ཚུ་ཡང་ རྒྱ་གར་རྒྱལ་ཁབ་ཀྱི་ ཁྱིམ་ཚང་མངའ་སྡེ་ཚུ་ནང་ལུ་ ཕྱིར་ཚོང་འཐབ་ནི་གི་ འཆར་གཞི་འདུག

སྒེར་གྱི་བཟོ་གྲྭ་འཕྲུལ་ཁང་འདི་གིས་ སྲོག་རླུང་དང་ ནཱའི་ཊོ་ཇེན་བཏོན་ནི་གི་ ལཱ་འདི་ཡང་ དུས་ཅི་ སྤྱི་ཟླ་༡༠་པའི་ནང་ལས་ འགོ་བཙུགས་ཚུགས་པའི་ རེ་བ་འདུག

རླུང་གི་བཟོ་གྲྭ་འཕྲུལ་ཁང་གི་ བཀོད་ཁྱབ་འཛིན་སྐྱོང་པ་ བཙན་སྐྱོགས་རྒྱལ་མཚན་གྱི་སླབ་མི་ནང་ འཕྲུལ་ཁང་གཞི་བཙུགས་འབད་མི་འདི་གིས་ གསོ་བ་ལྷན་ཁག་གིས་ རླུང་འདི་ཚུ་ རྒྱ་གར་རྒྱལ་ཁབ་ལས་ ནང་འདྲན་འཐབ་མ་དགོ་པའི་ ཕན་ཐོགས་འབྱུང་འོང་ཟེར་བཤད་ཅི།

དགེ་ལེགས་ཕུག་ ཨའི་སི་ལིབ་ཟེར་ས་ལུ་ བཟོ་གྲྭ་འཕྲུལ་ཁང་རྐྱབ་ནི་གི་ ལཱ་འདི་ཡང་ དུས་ཅི་ སྤྱི་ཟླ་དང་པའི་ནང་ལས་ འགོ་བཙུགས་ཏེ་ཡོདཔ་ལས་ ད་རེས་ ལཱ་བརྒྱ་ཆ་༩༥་དེ་ཅིག་ མཇུག་བསྡུ་ནུག

འཕྲུལ་ཁང་འདི་གིས་ ཉིན་བསྟར་བཞིན་དུ་ ལི་ཀྲར་༤༠་འབད་མི་ སྲོག་རླུང་དང་ ནཱའི་ཊོ་ཇེན་གི་རྒྱ་ཛི་༢༠༠་དེ་རེ་ བཏོན་ཚུགས་པའི་ རེ་བ་ཡོདཔ་ཨིན་མས།

སྲོག་རླུང་འདི་ རླུང་དང་ཆུ་སྦེ་བཏོན་ནི་ཨིན་རུང་ ནཱའི་ཊོ་ཇེན་འདི་ རླུང་རྐྱངམ་གཅིག་ བཏོན་ནི་སྦེ་འདུག

བཟོ་གྲྭ་འཕྲུལ་ཁང་འདི་ཡང་ ཟད་འགྲོ་དངུལ་ཀྲམ་ས་ཡ་༣༠་བཏང་ཞིན་ན་ རྐྱབ་དོ་ཡོདཔ་ཨིན་མས།