སློབ་ཕྲུག་ཚུ་གིས་ སློབ་གྲྭའི་ཅ་ཆས་ཚུ་ ཉོ་ནི་དོན་ལུ་ཚལ་ལུ་ ཚོང་འབྲེལ་འཐབ་པའི་བསྒང་། - འབྲུག༌རྒྱང༌བསྒྲགས། | འབྲུག༌རྒྱང༌བསྒྲགས།
གཟའ་པ་སངས། ༢༠༡༨ ཟླ་༨ པའི་སྤྱི་ཚེས་༡༦

སློབ་ཕྲུག་ཚུ་གིས་ སློབ་གྲྭའི་ཅ་ཆས་ཚུ་ ཉོ་ནི་དོན་ལུ་ཚལ་ལུ་ ཚོང་འབྲེལ་འཐབ་པའི་བསྒང་།

སྤྱི་ཟླ་༡ པའི་ཚེས་ ༢༤ ༢༠༡༨

༉ སློབ་ཕྲུག་མང་ཤོས་ཅིག་གིས་རང་ ནམ་དགུན་གྱི་ངལ་གསོ་འདི་ ཁྱིམ་ནང་སྡོད་ནི་ལུ་ གདམ་ཁ་རྐྱབ་དོ་ཡོདཔ་ཨིན་རུང་ ལ་ལུ་ཅིག་གིས་ སློབ་གྲྭ་ནང་ལོག་འགྱོ་བའི་སྐབས་ འགྲོ་སོང་བཏང་ནི་གི་དོན་ལས་ འོང་འབབ་ཀྱི་ལཱ་ཚུ་ རྩ་འགེངས་ཏེ་ འབད་དོ་ཡོདཔ་ཨིན་མས།

སློབ་ཕྲུག་ཚུ་གིས་ ཕུན་ཚོགས་གླིང་ ར་མི་ཏི་གི་ གཞུང་ལམ་བདའ་སྟེ་ ཤིང་འབྲས་ཚུ་བཙོང་སྟེ་ འོང་འབབ་བཟོ་དོ་ཡོདཔ་ཨིན་མས།

ཤིང་འབྲས་ཀྱི་ ཚོང་འབྲེལ་འཐབ་མི་སློབ་ཕྲུག་ཚུ་གིས་སླབ་མི་ནང་ ཚོང་འབྲེལ་འཐབ་མི་ལས་ འཐོབ་པའི་དངུལ་ཀྲམ་ཚུ་ ཁོང་ཆ་ཁྱབ་ སློབ་གྲྭ་ནང་ལུ་ འགྱོ་བའི་སྐབས་ སྒྲིག་གོ་ཉོ་ནི་དོན་ལུ་དང་ གཞན་ སློབ་གྲྭ་ནང་ལུ་ཁག་ཆེ་བའི་ ཅ་ཆས་ཚུ་ ཉོ་ནི་དོན་ལུ་ ལག་ལེན་འཐབ་ནི་ཨིན་ཟེར་བཤད་ཅི།

གཞུང་ལམ་འདི་ཁར་ ཤིང་འབྲས་ཚོང་འབྲེལ་འཐབ་མི་ ས་ཐག་རིང་ས་ དཔགས་ཤིང་ཁ་ལས་ཡང་ སློབ་ཕྲུག་ཚུ་འོང་སྟེ་ཡོདཔ་ཨིན་མས།

ཤིང་འབྲས་ཚོང་འབྲེལ་འཐབ་མི་ སློབ་ཕྲིུག་ཚུ་གིས་སླབ་མི་ནང་ ཤིང་འབྲས་ཚུ་ གཞན་ཁ་ལས་ཉོ་སྟེ་ བཙོང་དགོཔ་ལས་ འོང་འབབ་དེ་ཅིག་རང་ བཟོ་མི་ཚུགས་པས་ཟེར་བཤད་ཅི།

ད་རུང་ ཁོང་ལ་ལོ་ཅིག་གིས་སླབ་མི་ནང་ ཉིནམ་རེ་ནང་ ཚལ་ལུ་དག་པ་ཅིག་ལས་བརྒལ་ བཙོང་མི་ཚུགས་པས་ཟེར་ཨིན་མས།

ཚལ་ལུ་ ཕུད་རྡོག་༡༢ལུ་ གོང་ཚད་དངུལ་ཀྲམ་༡༥༠དང་༢༠༠གི་བར་ན་ བཙོང་དོ་ཡོདཔ་ཨིན་མས།