གཟའ་སྤེན་པ། ༢༠༢༠ ཟླ་༡ པའི་སྤྱི་ཚེས་༢༤

ད་ལྟོའི་བར་ཡང་ ཐིམ་ཕུག་ལུ་སྡོད་མི་ཚུ་གིས་ ཁྲོམ་ཁར་ལས་ཕར་ ཕྱགས་སྙིགས་ཚུ་ག་ལྷོད་བཀོག་དོ་ཡོདཔ།

སྤྱི་ཟླ་༣ པའི་ཚེས་ ༢༢ ༢༠༡༦

Drains, an alternate trashcan for Thimphu residents ༉ ཐིམ་ཕུག་ལུ་སྡོད་མི་མང་ཤོས་ཅིག་གི་ར་ ཁྲོམ་ཁར་ལས་ཕར་ཡོད་པའི་ ཆུ་གཡུར་ཚུ་ ཕྱགས་སྙིགས་བཀོག་སའི་ས་སྒོ་ཅིག་སྦེ་ ལག་ལེན་འཐབ་དོ་ཡོདཔ་ཨིན་མས།

ཐིམ་ཕུག་ཁྲོམ་སྡེ་དང་ ཁས་བླངས་པ་ཚུ་གི་ཁ་ཐུག་ལས་ ཁྲོམ་འདི་ཧིང་སངས་སྦེ་ བཞག་ནི་གི་དོན་ལས་ རྩ་འགེངས་དོ་ཡོདཔ་ཨིན་རུང་ མི་ཚུ་གིས་ ཕྱགས་སྙིགས་ཚུ་ ཆུ་གཡུར་ནང་ལུ་བཀོག་སྟེ་ར་ ཡོདཔ་ཨིན་མས།

མི་མང་ཤོས་ཅིག་གིས་སླབ་མི་ནང་ ཕྱགས་སྙིགས་བཀོག་ནིའི་ ཐབས་ཤེས་འཇམ་ཤོས་འདི་ར་ ཆུ་གཡུར་ཚུ་ནང་ལས་ཕར་ བཀོག་ནི་འདི་ཨིན་མས་ཟེར་བཤད་ཅི།

ལ་ལུ་ཅིག་གིས་འབད་བ་ཅིན་ ཕྱགས་སྙིགས་བསྡུ་ལེན་འབད་མི་ སྣུམ་འཁོར་ཚུ་ དུས་ཚོད་ཁར་འོང་ནི་མིན་འདུག་ཟེར་ཨིན་མས།Drains, an alternate trashcan for Thimphu residents--

 ཐིམ་ཕུག་ཁྲོམ་སྡེ་ཡིག་ཚང་ནང་ལས་ མཐའ་འཁོར་གཙོ་འཛིན་འགོ་དཔོན་གྱིས་སླབ་མི་ནང་ ཆུ་གཡུར་ཚུ་ ཧིང་སངས་ས་སྦེ་ བཞག་ནི་གི་དོན་ལུ་ མི་དམང་གིས་ ཁྲོམ་སྡེ་དང་ཅིག་ཁར་ མཉམ་འབྲེལ་སྦེ་ ལཱ་འབད་དགོ་ཟེར་ཨིན་མས།

 ད་རུང་ ཁོ་གིས་སླབ་མི་ནང་ དཀའ་ངལ་འདི་སེལ་ནིའི་ ཐབས་ཤེས་ཟེར་རུང་ ཆུ་གཡུར་ཚུ་གུ་ལུ་ རྡོ་ལེབ་བཀབ་ནི་འདི་རང་ ཨིན་མས་ཟེར་བཤད་ཅི།

ཨིན་རུང་ རྡོ་ལེབ་བཀབ་ནི་གི་དོན་ལས་ ཟད་འགྲོ་སྦོམ་གནས་ནི་ཨིནམ་ལས་ ཁྲོམ་ནང་ལས་ཕར་ཡོད་པའི་ ཆུ་གཡུར་ག་རའི་ནང་ལུ་ རྡོ་ལེབ་བཀབ་ནི་འདི་ འོས་འབབ་མིན་འདུག་ཟེར་ཨིན་མས།

ཁོ་གིས་སླབ་མི་ནང་ ཁྲོམ་ཁར་ལས་ཕར་ ཕྱགས་སྙིགས་ལས་བརྟེན་ཏེ་ ཆུ་གཡུར་དང་ལམ་ཉམས་བཅོས་འབད་ནི་དང་ ལས་མི་ཚུ་གི་དོན་ལས་ ཟད་འགྲོ་བཏང་མི་ཚུ་ མར་ཕབ་འབད་ནི་གི་དོན་ལས་ ཕྱགས་སྙིགས་ཚུ་ རང་སོའི་ཁྱིམ་ནང་ལས་རང་ འཛིན་སྐྱོང་འཐབ་དགོཔ་འདུག་ཟེར་ཨིན་མས།