ཟནམ་ལས་བརྟེན་ཏེ་ ཉམས་རྒུད་བྱུང་མི་ཚུ་གིས་ རྒུད་འཐུས་དགོཔ་སྦེ་སླབ་དོ་ཡོདཔ།

༉ བྱའི་ཟནམ་ལུ་བརྟེན་ཏེ་ བྱ་གསོ་སྐྱོང་ཁང་ཚུ་ནང་ལས་ཕར་ བྱ་སྟོང་ཕྲག་ལས་བཅད་དེ་ཤི་བའི་ཤུལ་མ་ བྱ་གསོ་སྐྱོང་འཐབ་མི་ཚུ་གིས་ རྒུད་འཐུས་དགོཔ་སྦེ་ སླབ་དོ་ཡོདཔ་ཨིན་མས།

བྱའི་ཟནམ་བཀྲམ་སྤེལ་འབད་མི་ ཀརྨ་ཕིཌ་ལས་སྡེ་གིས་ ཟནམ་བཀྲམ་ཡོད་མི་ཚུ་ ལོག་བསྡུ་དོ་ཡོད་རུང་ བྱ་གསོ་སྐྱོང་འཐབ་མི་ཚུ་གིས་ ཁོང་ལུ་ འདི་གི་ཁེ་རྒུད་མི་བཏུབ་ཟེར་བཤད་ཅི།

འདི་ཡང་ འཕྲལ་ཁམས་ཅིག་ཁར་ བྱ་ཤི་མི་ལུ་བརྟེན་ཏེ་ བྱ་གསོ་སྐྱོང་ཁང་༡༤་དེ་ཅིག་གི་ཚོང་འབྲེལ་ལུ་ ཐོ་ཕོག་སྟེ་སྦེ་འདུག

འདི་ཚུ་གི་གྲལ་ལས་ གཅིག་ མོང་སྒར་རྩ་མང་ལས་ སྐྱེས་ལོ་༢༨་ལང་མི་ བསོད་ནམས་དཔལ་འབྱོར་ཨིནམ་ད་ འདི་བསྒང་ ཁོ་གི་ བྱ་བརྒྱ་ལྷགཔ་ཅིག་ཡང་ ཤི་ཡོདཔ་མ་ཚད་ ད་རེས་ བྱ་སྟོང་ཕྲག་༢་ལྷགཔ་ཅིག་ སྨན་བཅོས་འབད་དེ་ དྲག་དོ་ཡོདཔ་སྦེ་ཨིན་མས།

 ད་རུང་ ཁོ་གིས་སླབ་མི་ནང་ བྱ་ཤི་མི་འདི་གིས་ སྒོང་རྡོག་གི་ཐོན་ཤུགས་ མར་ཕབ་སོང་སྟེ་ཡོདཔ་ལས་ ཁོ་ལུ་ རྒུད་སྦོམ་སྦེ་ར་ཕོག་ཡི་ཟེར་ཨིན་མས།

འདི་ཡང་ ཨ་རྟག་འབད་བ་ཅིན་ ཁོ་གིས་ ཉིམ་རེ་ནང་ དངུལ་ཀྲམ་སྟོང་ཕྲག་༢༠་དེ་ཅིག་བཟོ་ཚུགས་དོ་ཡོད་རུང་ ད་རེས་ དངུལ་ཀྲམ་བརྒྱ་ཀ་ཀོ་ཅིག་ཡང་ བཟོ་མ་ཚུགས་པར་འདུག

འདི་དང་ཅིག་ཁར་ འཕྲལ་ཁམས་ཅིག་ཁར་ བྱའི་ཟནམ་བཀྲམ་སྤེལ་འབད་མི་ལས་སྡེ་གིས་ ཁོང་གི་ རྒུད་འཐུས་ཀྱི་སྐོར་ལས་ ད་ལྟོ་ ཐག་མ་བཅད་པར་ཡོད་ཟེར་བཤད་ཅི།

སྒོ་ནོར་ལས་ཁུངས་ཀྱིས་ཡང་ ཟན་མ་གི་དཔེ་ཚད་ཚུ་ འཕྲལ་མགྱོགས་ར་ ཕྱི་རྒྱལ་ལུ་ བརྟག་དཔྱད་འབད་བར་བཏང་ནི་ཨིན་མས།

བསོད་ནམས་ཚེ་རིང་། གནས་ཚུལ་བསྡུ་ལེན་པ། མོང་སྒར།

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར་ཕཀོད་ས།

Please enter your comment!
Please enter your name here

བསམ་འཆར།

Facebook
Twitter
YouTube