མི་དབང་མངའ་བདག་རིན་པོ་ཆེ་གིས་ ད་རིས་ལས་ ལྷོ་ཕྱོགས་རྫོང་ཁག་ཚུ་ནང་ལས་ཕར་ ཆིབས་སྐྱོད་གནང་དོ་ཡོདཔ།

༉ མི་དབང་མངའ་བདག་རིན་པོ་ཆེ་གིས་ ད་རིས་ལས་ ལྷོ་ཕྱོགས་རྫོང་ཁག་ཚུ་ནང་ལས་ཕར་ ཆིབས་སྐྱོད་གནང་དོ་ཡོདཔ་ཨིན།

མི་དབང་མངའ་ཞབས་མཆོག་གིས་ ད་ས་དྲོ་པ་ དབང་འདུས་ཕོ་བྲང་ བསྟན་སྐྱོང་གླིང་ལུ་ བདེ་སྲུང་སྦྱོང་བརྡར་ཤོ་ཐེངས་ ༤༦ པའི་ནང་ བཅའ་མར་གཏོགས་མི་ཚུ་ལུ་ མཇལ་འཕྲད་གནང་ནུག
འདི་བཟུམ་སྦེ་ མི་དབང་མངའ་བདག་རིན་པོ་ཆེ་གིས་ ཆིབས་སྐྱོད་གནང་པར་མ་འབྱོན་པའི་ཧེ་མ་ གླིང་ཀ་ན་ཕོ་བྲང་ནང་ལུ་སྦེ་ ད་སའི་གི་ཊི་ཀ་གནང་ཡི།

མི་དབང་མངའ་ཞབས་མཆོག་གིས་ ཐུགས་སྨོན་གནང་མི་ ཊི་ཀ་ཚུ་ཡང་ རྒྱལ་ཁབ་ནང་འཁོད་ལུ་ བཀྲམ་ནི་གི་དོན་ལས་ རྫོང་ཁག་ག་རའི་ནང་ལས་ཕར་ བཏང་ཡོདཔ་ཨིན་མས།

ད་སའི་གི་དུས་སྟོན་འདི་ཁར་ ཧིན་དུའི་ཆོས་ལུགས་འཛིན་མི་ཚུ་གིས་ ཊི་ཀ་ཚུ་བརྗེ་སོར་འབད་དོ་ཡོདཔ་ད་ ཊི་ཀ་འདི་ཡང་ དངོས་གྲུབ་དང་ཐུགས་སྨོན་གྱི་རྟགས་མཚན་ལུ་ ཁོང་རའི་ནང་མི་རྒས་ཤོས་ཚུ་གིས་ གཞོནམ་ཚུ་ལུ་སྦྱར་དོ་ཡོདཔ་ཨིན།

མི་དབང་མཆོག་གིས་ ད་སའི་གི་ཊི་ཀ་འདི་ དུས་སྟོན་ཨ་རྟག་རང་གནང་དོ་ཡོདཔ་ད་ འདི་གིས་ རྒྱལ་ཁབ་གཅིག་དང་ མི་སེར་གཅིག་ཨིན་པའི་ བརྡ་མཚོན་བཏོན་ཨིན་མས།

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར།

Facebook
Twitter
YouTube