དར་ལ་གློག་མེ་འཕྲུལ་ཁང་ གཡོག་བཀོལ་མ་ཚུགས་པར་ཡོདཔ།

༉ ཆུ་ཁ་ལུ་ གློག་ཤུགས་མེ་ག་ཝཊ་༡༠༢༠འབད་མི་ དར་ལ་གློག་མེ་ལས་འགུལ་གྱི་ འཕྲུལ་ཨམ་༦འདི་ ཁ་ཙ་དྲོ་པ་ལས་ གཡོག་བཀོལ་མ་ཚུགས་པར་ ཡོདཔ་ཨིན་མས།

འབྲུག་སླར་འབྱུང་གློག་མེ་ལས་འཛིན་གྱི་འཛིན་སྐྱོང་མདོ་ཆེན་ དྲག་ཤོས་ཚེ་དབང་རིན་འཛིན་གྱིས་འབད་བ་ཅིན་ གློག་མེ་འཕྲུལ་ཁང་འདི་ཡང་ཉིནམ་དག་པ་ཅིག་གི་རིང་ལུ་ ཆརཔ་མ་ཆད་པ་རང་རྐྱབ་མི་འདི་གིས་ ཆུ་མཛོད་ཁང་ནང་ལུ་ཆག་པའི་ རག་རོག་ཚུ་གིས་ ཆུ་འགྱོ་སའི་ལམ་ བསུབ་ནི་འདི་གིས་ གཡོག་བཀལ་མ་ཚུགས་་པར་ཡོདཔ་སྦེ་ཨིན་མས།

ད་རུང་ འཛིན་སྐྱོང་མདོ་ཆེན་དང་འཁྲིལ་བ་ཅིན་ ཆུ་མཛོད་ཁང་གི་བཤམ་མར་ཡོད་པའི་ ཆག་རོག་ཚུ་སེལ་ཞིནམ་ལས་ ནངས་པ་ཕྱི་རུ་ཁམས་ཅིག་ལས་ འཕྲུལ་ཨམ་འདི་ ལོག་སྟེ་རང་ གཡོག་བཀལ་ཚུགསཔ་སྦེ་འབད་ནི་གི་དོན་ལུ་ ལཱ་ཚུ་རྩ་འགེངས་ཏེ་རང་འབད་དོ་ཟེར་གསུང་ཡི།

འདི་བཟུམ་སྦེ་ ཆུ་མཛོད་ཁང་ བསེལ་བཏང་ནི་གི་དོན་ལས་ རྫིང་འདི་ནང་གི་ཆུ་འདི་ཡང་ ཨ་ཙི་བཏོན་བཏང་སྟེ་ཡོདཔ་སྦེ་ཨིན་མས།

གློག་མེ་འཕྲུལ་ཁང་འདི་གིས་ ཨ་རྟག་འབད་བ་ཅིན་ གནམ་འབྱཱ་གི་སྐབས་ལུ་ ནུས་ཤུགས་ལེགས་ཤོམ་སྦེ་རང་བཏོན་ཞིམ་ལས་ རྒྱ་གར་ལུ་ བཙོང་དོ་ཡོདཔ་ཨིན་མས།

ད་རུང་ འཛིན་སྐྱོང་མདོ་ཆེན་གྱིས་བཀོད་མི་ནང་ གློག་མེ་འཕྲུལ་ཁང་འདི་ནང་ལས་ ཉིནམ་གསུམ་གྱི་རིང་ལུ་ གློག་མེ་བཏོན་མ་ཚུགས་པའི་བསྒང་ལས་ རྒྱལ་ཁབ་ནང་ལུ་ འོང་འབབ་དངུལ་ཀྲམ་ས་ཡ་༡༦༥ལྷགཔ་ཅིག་གི་ གྱོང་རྒུད་ཡོད་ཟེར་ཨིན་མས།

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར།

Facebook
Twitter
YouTube