ཕུན་ཚོགས་གླིང་ལུ་ ཁབ་ཐེངས་༢པ་བཙུགས་ནི་འགོ་བཙུགས་ཡོདཔ།

༉ ཕུན་ཚོགས་གླིང་ལུ་ ད་རིས་ལས་ ནད་ཡམས་བཀག་ཐབས་ཀྱི་ སྨན་ཁབ་བཙུགས་ནི་འགོ་བཙུགས་ཡོདཔ་ལས་ མི་སེར་ཚུ་ སེམས་དགའ་སྟེ་འདུག

ཨིན་རུང་ སྨན་ཁབ་འདི་ རིན་ཆེན་ལྡིང་གི་སྒོ་ར་ཁ་ལས་ དཔག་བསམ་ཁ་ཚུན་གྱི་ས་སྒོ་ནང་ལུ་མ་གཏོགས་ གཞན་མི་ཚུ་ནང་ལས་ཕར་ འགོ་མ་བཙུགས་པར་ཡོདཔ་ཨིན་མས།

གསོ་བའི་ལྷན་ཁག་དང་འཁྲིལ་བ་ཅིན་ ས་སྒོ་དེ་ཁ་ལུ་ སྨན་ཁབ་དེ་སྦེ་འགོ་བཙུགས་མི་འདི་ཡང་ ས་སྒོ་འདི་ནང་ལུ་ ནད་ཡམས་མ་ཐོན་པར་ ཟླཝ་གཉིས་ལང་སོང་ནི་འདི་གིས་ཨིནམ་སྦེ་བཤད་ཅི།

ཨིན་རུང་ ས་སྒོ་གཞན་ཁ་ལས་ ནད་ཡམས་ཚུ་ཐོན་ཏེ་རང་ཡོདཔ་ལས་ འདི་ཚུ་གི་ནང་ལུ་ སྨན་ཁབ་འགོ་མ་བཙུགས་པའི་ཧེ་མ་ མི་མང་བརྟག་དཔྱད་འབད་ནི་གི་ལས་རམ་ འགོ་འདྲེན་འཐབ་ནི་སྦེ་འདུག

གསོ་བའི་འགོ་དཔོན་ཚུ་གིས་འབད་བ་ཅིན་ ནད་ཡམས་ཀོ་ཝིཊ་ཡོད་མི་གཅིག་ལུ་ ཁབ་འདི་བཙུགས་ད་རུང་ ཕན་ཐོགས་འབྱུང་མི་ཚུགས་ཟེར་བཤད་ཅི།

ཕུན་ཚོགས་གླིང་ལུ་ སྨན་ཁབ་བཙུགས་ནི་གི་དོན་ལས་ མི་སྟོང་ཕྲག་༢༤ལྷགཔ་ཅིག་གིས་ ཐོ་བཀོད་འབད་དེ་ཡོདཔ་ཨིན་མས།

ཕུན་ཚོགས་གླིང་ལུ་ དུས་ཅི་སྤྱི་ཟླ་༤པའི་ནང་ལས་ མི་སྡེ་ནང་ལས་ མི་ངོམ་གཉིས་ལུ་ ནད་ཡམས་ཀོ་ཝིཊ་ནའིན་ཊིན་ཐོབ་སྟེ་ཡོདཔ་སྦེ་ངོས་འཛིན་བྱུང་པའི་ཤུལ་ འགྲོ་འགྲུལ་བཀག་དམ་འབད་དེ་ ཉིནམ་༡༠༠དེ་ཅིག་འགྱོ་དོ་ཡོདཔ་ཨིན།

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར།

Facebook
Twitter
YouTube