ལུང་ནག་ན་ལུ་ སྨན་ཁབ་བསྐྱེལ་མ་ཚུགས་པར་ཡོདཔ།

༉ རྒྱལ་ཁབ་ནང་ལུ་ ཁབ་ཐེངས་༢པ་བཙུགས་ནི་གི་ལས་རིམ་འགོ་འདྲེན་འཐབ་པའི་བསྒང་ཡོད་རུང་ མགར་ས་རྫོང་ཁག་ ལུང་ནག་ན་རྒེད་འོག་གི་མི་སེར་ཚུ་ སྨན་ཁབ་ལྷོད་ནི་གི་དོན་ལུ་ བསྒུག་སྟེ་རང་འདུག

ལུང་ནག་ན་ལུ་ སྨན་ཁབ་བསྐྱེལ་ནི་གི་དོན་ལུ་ གཟའ་པ་སངས་ལས་རང་ སྤ་རོ་ལས་ གནམ་གྲུ་ཧེ་ལི་ཀོབ་ཊར་ འཕུར་ནི་གི་རྩིས་རྐྱབ་ཡོདཔ་ཨིན་རུང་ གནམ་མ་བཟང་མི་ལས་བརྟེན་ཏེ་ འབད་མ་ཚུགས་པས།

འདི་འབདཝ་ལས་ ལུང་ནག་ན་ལུ་འགྱོ་མི་ གསོ་བའི་འགོ་དཔོན་ཚུ་ཡང་ སྤ་རོ་ལུ་རང་ ལུས་ཏེ་ཡོདཔ་ཨིན་མས།

གནམ་གྲུ་འདི་ ད་རུང་རང་ ནངས་པ་ འཕུར་བལྟ་ནི་སྦེ་འདུག

ལུང་ནག་ན་རྒེད་འོག་ནང་ལུ་ སྨན་ཁབ་རྐྱབ་དགོ་མི་ མི་ངོམ་སྟོང་ཕྲག་༢མ་ལངམ་ཅིག་ཡོདཔ་སྦེ་ཨིན་མས།

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར།

Facebook
Twitter
YouTube