རྩི་རང་ལུ་ རྩེད་ཁང་ཅིག་རྐྱབ་པའི་བསྒང་ཡོདཔ།

༉ དུས་ཅི་གི་ལོ་མཇུག་བསྡུ་ཁམས་ལས་ རྩི་རང་ལུ་ རྩེད་རིག་སྣ་ཚོགས་ཀྱི་ རྩེད་ཁང་ཅིག་འོང་ནི་ཨིནམ་ལས་ རྫོང་ཁག་འདི་ནང་ཡོད་མི་ རྩེད་རིག་ལུ་སྤྲོ་བ་ཡོད་མི་ཚུ་ སྲ་ལང་སྟེ་འདུག

རྩེད་ཁང་འདི་ཡང་ འབྲུག་ཨོ་ལོམ་པིག་ཚོགས་པ་གིས་ གྲམ་ཕུག་ཁྲོམ་ཁ་ལུ་ རྐྱབ་དོ་ཡོདཔ་ཨིན་མས།

འབྲུག་ཨོ་ལོམ་པིག་ཚོགས་པ་ནང་ལས་ འགོ་དཔོན་ཅིག་གིས་སླབ་མི་ནང་ ད་ལྟོ་ཚུན་ཚོད་ ལས་འགུལ་གྱི་ལཱ་ བརྒྱ་ཆ་༣༥ལྷགཔ་ཅིག་ གྲུབ་ཚུགས་ཏེ་ཡོད་ཟེར་ཨིན་མས།

རྩེད་ཁང་འདི་ གྲུབ་པའི་བསྒང་ལས་ འདི་ནང་ལུ་ སྒྲོ་རྩེད་དང་ བཱས་ཀེཌ་བཱོལ་ ཀྲེ་ཝཱལ་ཀྲེ་ནིསི་དང་ བོ་ལི་བཱོལ་ཚུ་རྩེད་སའི་ ས་གོ་ཚུ་འོང་ནི་ཨིན་མས།

ད་རུང་ འདི་ནང་ མཛོག་ཁྱད་དང་ ཀ་ར་ཏེ་རྩེད་མི་ཚུ་གི་དོན་ལུ་ཡང་ ས་གོ་ཚུ་འོང་ནི་ཨིན་མས།

དངུལ་ཀྲམ་ས་ཡ་༣༥དེ་ཅིག་གནས་པའི་ ལས་འགུལ་འདི་ཡང་ རྒྱ་གར་གཞུང་གི་ མ་དངུལ་རྒྱབ་བསྐྱོར་འབད་དེ་ ལཱ་ཚུ་ རྫོང་ཁག་བདག་སྐྱོང་གིས་ འགོ་འདྲེན་འཐབ་སྟེ་འབདཝ་ཨིན་མས།

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར།

Facebook
Twitter
YouTube