གཟའ་ཕུར་བུ། ༢༠༢༡ ཟླ་༡༠ པའི་སྤྱི་ཚེས་༢༧

དྲེན་མཱརཀ་གིས་ འབྲུག་ལུ་སྨན་ཁབ་ཀྱི་གྲོགས་རམ།

སྤྱི་ཟླ་༧ པའི་ཚེས་ ༢ ༢༠༢༡

༉ དྲེན་མཱརཀ་གིས་ འབྲུག་རྒྱལ་ཁབ་ལུ་ ནད་ཡམས་ལུ་གདོང་ལེན་འབད་ནི་གི་དོན་ལས་ སྨན་ཁབ་ ༢༥༠,༠༠༠ མ་ལངམ་ཅིག་བྱིན་ནི་ཨིན་མས།

ཨིན་རུང་ གསོ་བའི་བློན་པོ་ བདེ་ཆེན་དབང་མོ་གིས་གསུང་མི་ནང་ སྨན་ཁབ་འདི་ རྒྱལ་ཁབ་ནང་ལུ་ ནམ་ལྷོད་ནི་ཨིན་ན་ དུས་ཚོད་ གཏན་འཁེལ་མ་འགྱོ་བར་ཡོད་ཟེར་ཨིན་མས།

རྒྱལ་སྤྱིའི་བརྡ་བརྒྱུད་ཚུ་དང་འཁྲིལ་པ་ཅིན་ ཡུ་རོ་པིན་མཉམ་འབྲེལ་གྱིས་ འབྲུག་རྒྱལ་ཁབ་ལུ་ སྨན་ཁབ་ ༥༠༠,༠༠༠ བྱིན་ནི་ཟེར་ ཁ་བཟེད་དེ་ཡོདཔ་སྦེ་ཨིན་མས།

འབྲུག་རྒྱལ་ཁབ་ནང་ལུ་ ཁབ་ཐེངས་དངམ་རྐྱབ་སྟེ་ ད་རེས་ཀྱི་ ཟླ་ཕྱེད་ནང་ བདུན་ཕྲག་༡༦ལང་ནི་ཨིནམ་ལས་ ཁབ་ཐེངས་༢པ་རྐྱབ་ནི་གི་དུས་ཚོད་འདི་ ན་འཐེན་ར་ རན་ཏེ་ཡོདཔ་ཨིན།