གྱི་གསོབ་མི་དོགས་པ་ཅིན་ འཚོལ་མ་ཐོབ་པར་ཡོདཔ།

༉ ཕུན་ཚོགས་གླིང་ལུ་ སྐྱེས་ལོ་༣༣ལང་མི་ཕོ་སྐྱེས་གཅིག་ལུ་ གྱི་གསོབ་ཡོད་པའི་དོགས་པ་ཡོད་མི་ སྐྱེས་ལོ་༣༢ལང་མི་ཕོ་སྐྱེས་འདི་ ད་ལྟོའི་བར་ན་ཡང་ འཚོལ་བའི་བསྒང་རང་འདུག

གནས་ཚུལ་འབྱུང་ཁུངས་ཚུ་དང་འཁྲིལ་བ་ཅིན་ བྱ་ངན་འདི་ཡང་ སྐྱིད་སྡུག་གི་སྡོད་ཁྱིམ་ས་སྒོ་ནང་ གཟའ་སྤེནམ་གི་ཕྱི་རུ་འབྱུང་སྟེ་ཡོདཔ་སྦེ་ཨིན་མས།

ཉམས་རྒུདཔ་འདི་ཡང་ དོགས་པ་ཅན་འདི་གི་ ཧེ་མའི་ཨམ་སྲུ་གི་ དགའཝ་མཐུནམ་ཅིག་ཨིན་མས།

གནས་ཚུལ་འབྱུང་ཁུངས་ཚུ་དང་འཁྲིལ་པ་ཅིན་ སྣུམ་འཁོར་ཀྲག་གཏང་མི་ཅིག་ཨིན་མི་ དོགས་པ་ཅན་ཕོ་སྐྱེས་འདི་ བྱ་ངན་འདི་འབྱུངམ་ཅིག་རང་ ས་མཚམས་ཕར་ཁར་བྱོག་ཡར་སོང་ཡི་ཟེར་ཨིན་མས།

ཉམས་རྒུདཔ་ཕོ་སྐྱེས་འདི་ ད་རེས་ ཐིམ་ཕུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ལུ་ སྨན་བཅོས་འབད་བའི་སྒང་རང་ཡོདཔ་ཨིན་མས།

 

གནས་ཚུལ་བསྡུ་ལེན་པ་ བསོད་ནམས་དཔལ་འབྱོར།

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར།

Facebook
Twitter
YouTube