ཨེ་ཤི་ཡ་གོང་འཕེལ་དངུལ་ཁང་གིས་རྒྱལ་ཁབ་མཉམ་འབྲེལ་གྱི་ཐབས་བྱུས་གསརཔ་ཅིག་འགོ་བཙུགས་ཏེ་ཡོདཔ།
༉ ཨེ་ཤི་ཡ་གོང་འཕེལ་དངུལ་ཁང་གིས་ སྤྱི་ལོ་ ༢༠༢༤ ལས་ ༢༠༢༨ ཚུན་ ལོ་ ༥ གི་དོན་ལུ་ རྒྱལ་ཁབ་མཉམ་འབྲེལ་གྱི་ ཐབས་བྱུས་གསརཔ་ཅིག་ འགོ་བཙུགས་ཏེ་འདུག འཕྲལ་ཁམས་གཅིག་ཁར་ གསལ་བསྒྲགས་འབད་མི་ ཐབས་བྱུས་གསརཔ་འདི་ཡང་ རྒྱལ་ཁབ་ཀྱི་དཔལ་འབྱོར་ཡར་དྲག་གཏང་ནི་ནང་ སྟབས་མ་བདེཝ་ཡོད་མི་ཚུ་ སེལ་ནི་གི་དམིགས་གཏད་བསྐྱེདཔ་ཨིན་མས། ཐབས་བྱུས་གསརཔ་འདི་ཡང་ མི་མང་འཛིན་སྐྱོང་ལས་སྡེ་དང་ སྒེར་སྡེ་གོང་འཕེལ་ དེ་ལས་ མི་སྟོབས་གོང་འཕེལ་གྱི་གནད་དོན་གཙོ་བོ་ ༣ ལུ་ གཙོ་རིམ་བཟུང་སྟེ་བརྩམས་ནུག
Read moreDetails