མནའ་སྦིས་གཡུས་ཚན་ནང་ལུ་ ཁྱིམ་གུང་པ་གཅིག་ ཟུར་བཞག་ནང་ལུ་བཞག་ཡོདཔ།

༉ ཀྲོང་གསར་ སྐོར་ཕུག་རྒེད་འོག་གི་ མནའ་སྦིས་གཡུས་ཚན་ནང་ལུ་  ནང་མི་བཟའ་ཚང་༡༢འབད་མི་ཁྱིམ་གུང་པ་གཅིག་ ཁ་ཙ་ལས་ ཟུར་བཞག་ནང་ལུ་ བཞག་སྟེ་འདུག

འདི་ཡང་ བཟའ་ཚང་འདི་ནང་གི་ཕ་སྤད་གཉིས་ ནད་ཡམས་ཀྱི་ཉེན་ཁ་ཆེ་བའི་ས་སྒོ་ གསར་སྤང་རྫོང་ཁག་འོག་གི་ འཇིགས་མེད་ཆོས་གླིང་རྒེད་འོག་གི་ རི་ཏི་གཡུས་ཚན་ནང་ལས་ གཟའ་ཕུརཔ་གི་ཚེས་ ལོག་ཁྱིམ་ནང་ལུ་ ལྷོད་ནི་འདི་གིས་ཨིན་མས།

གནས་ཚུལ་བྱུང་ཁུངས་དང་འཁྲིལ་བ་ཅིན་ ཁོང་ཕ་སྤད་གཉིས་ གནའ་སྦིས་ལས་འབད་རུང་ ཨའི་འདི་ རི་ཏི་ལུ་ཡོདཔ་ལས་ ཨའི་དང་ཕྱད་ཞིནམ་ལས་ ཟུར་བཞག་ནང་ལུ་མ་སྡོད་པར་ ལོག་འོང་ནུག་ཟེར་ཨིན་མས།

ཀྲོང་གསར་རྫོང་ཁག་གི་གསོ་བའི་འགོ་དཔོན་ཚུ་གིས་ ཁ་ཙ་ ནང་མི་བཟའ་ཚང་ཆ་མཉམ་ ཨེན་ཊི་ཇེན་གྱི་བརྟག་དཔྱད་འབད་བའི་སྐབས་ལུ་ ག་ལུ་ཡང་ ནད་འབུཔ་ཡོདཔ་སྦེ་མ་ཐོན་པས།

ཨིན་རུང་ བདུན་ཕྲག་གཅིག་གི་ཟུར་བཞག་གི་གནས་ཡུན་འདི་ཚང་པའི་ཤུལ་ལུ་ ཨར་ཊི་པི་སི་ཨར་གྱི་བརྟག་དཔྱད་ཡང་ འགོ་འདྲེན་འཐབ་ནི་ཨིན་མས།

ནད་ཡམས་ཀྱི་ཉེན་ཁ་ཆེ་བའི་ས་སྒོ་ནང་ལུ་ཚུད་མི་ རི་ཏི་གཡུས་ཚན་འདི་ གསར་སྤང་རྫོང་ཁག་ནང་ལུ་ཨིན་རུང་ ཀྲོང་གསར་ སྐོར་ཕུག་རྒེད་འོག་གི་ཉེ་འདབས་ལུ་ ཆགས་ཏེ་ཡོདཔ་ཨིན་མས།

 

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར་ཕཀོད་ས།

Please enter your comment!
Please enter your name here

བསམ་འཆར།

Facebook
Twitter
YouTube