ངན་ལྷད་ཚུ་གི་གྲལ་ལས་ཁྱབ་ཆེ་ཤོས་ བྱ་སྒོ་ལོག་སྤྱོད་ཨིནམ།

༉ ཞི་གཡོགཔ་ཚུ་གིས་ བྱ་སྒོ་ལོག་སྤྱོད་འབད་མི་འདི་ ངན་ལྷད་ཚུ་གི་གྲལ་ལས་ ཁྱབ་ཆེ་ཤོས་ཅིག་སྦེ་ར་ཡོདཔ་ཨིན་མས།

སྤྱི་ལོ་༢༠༢༠ ལས་ སྤྱི་ལོ་༢༠༢༡ སྤྱི་ཟླ་༦ པའི་བར་ན་ ངན་ལྷད་བཀག་སྡོམ་ལྷན་་ཚོགས་ནང་ལུ་ ཉོག་བཤད་༤༥༠ ལྷགཔ་ཅིག་ལྷོད་ས་ལས་ ༡༦༠ འདི་ བྱ་སྒོ་ལོག་སྤྱོད་འབད་མི་ཚུ་ཨིན་མས།

གནད་དོན་འདི་ཡང་ རྒྱལ་ཡོངས་ཚོགས་སྡེའི་ནང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ བསྐྱར་ཞིབ་སྙན་ཞུ་༢༠༢༠ དང་༢༠༢༡ ཅན་མའི་གུ་གསུང་གྲོས་གནང་པའི་སྐབས་ གཞུང་སྐྱོང་ལེགས་ལྡན་ཚོགས་ཆུང་གིས་ གསལ་ཞུ་ཕུལ་ནུག

བྱ་སྒོའི་ལོག་སྤྱོད་ཀྱི་ཉོག་བཤད་ མཐོ་ཤོས་ར་ རྒེད་འོག་ཚུ་ལུ་ཡོདཔ་ད་ འདི་ཡང་ ལྷན་ཚོགས་ཀྱིས་ རྒེད་འོག་བདག་སྐྱོང་དང་འབྲེལ་བའི་ཉོག་བཤད་ ཁག་༩༠ དེ་ཅིག་ཐོ་བཀོད་འབད་ནུག

འདི་གི་འོག་ལས་ར་ ལྷན་ཁག་ཚུ་ལུ་ ཉོག་བཤད་༥༠ དང་ འདི་བཟུམ་སྦེ་ རྫོང་ཁག་བདག་སྐྱོང་ཚུ་ལུ་ ཉོག་བཤད་༢༤ ཐོ་བཀོད་འབད་དེ་ཡོདཔ་ཨིན་མས།

རྒེད་འོག་ཚུ་གི་གྲལ་ལས་ ཉོག་བཤད་མཐོ་ཤོར་ར་ སྤ་རོ་ལུ་༡༦ དང་ སྤུ་ན་ཁ་ལུ་༡༥ དེ་ལས་ དབང་འདུས་ཕོ་བྲང་ལུ་ ཉོག་བཤད་༡༢ ལྷོད་དེ་ཡོདཔ་སྦེ་ཨིན་མས།

འདི་འབདཝ་ལས་ གཞུང་སྐྱོང་ལེགས་ལྡན་ཚོགས་ཆུང་གིས་ མི་མང་ཞབས་ཏོག་ནང་ལུ་ འགན་ཁྲི་དང་ དྭངས་གསལ་བཟོ་དགོ་པའི་གྲོས་འདེབས་ཕུལ་ནུག

ད་རུང་ འཐུས་མི་ཚུ་གིས་ ས་གནས་གཞུང་གི་འཐུས་མི་ཚུ་ལུ་ གོ་བརྡ་དང་ སྦྱོང་བརྡར་བྱིན་དགོ་པའི་ རྒྱབ་སྣོན་ཡང་ཕུལ་ཡི།

རྒྱལ་ཡོངས་ཚོགས་སྡེ་གིས་ སྙན་ཞུ་འདི་གུ་ ནངས་པ་ཡང་ གསུང་གྲོས་འཕྲོ་མཐུད་དེ་གནང་ནི་ཨིན་མས།

གནས་ཚུལ་བསྡུ་ལེན་འབད་མི་ ཕུརཔ་རྒྱལམོ། ཐིམ་ཕུག

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར་ཕཀོད་ས།

Please enter your comment!
Please enter your name here

བསམ་འཆར།

Facebook
Twitter
YouTube