མོང་སྒར་ལུ་ རང་ལུགས་ཀྱི་ཁྱིམ་༣མེས་འཚིག་ཡོདཔ།

༉ མོང་སྒར་ ཡ་དྷི་ལུ་ ད་རིས་དྲོ་པ་ ཆུ་ཚོད་ ཕྱེད་ད་༡༡དེ་ཅིག་ཁར་ ཐོག་ཚད་༣འབད་མི་ རང་ལུགས་ཀྱི་ཁྱིམ་༣རྩ་བ་ལས་རང་ མེ་གིས་འཚིག་ནུག

མེ་འདི་ ཕྱེལ་འགྱོ་ནི་ལས་བཀག་ནི་གི་དོན་ལུ་ རྡོག་མ་ཚོང་ཁང་གཅིག་དང་ ཐོག་ཚད་༢འབད་མི་ རང་ལུགས་ཀྱི་ཁྱིམ་ཅིག་ཡང་ བརྡལ་དགོཔ་འཐོན་ནུག

མེ་རྐྱེན་འདི་ཡང་ ཁྱིམ་༡གི་ཐབ་ཚང་ནང་ མེ་རླུང་རྒྱ་རྫི་ལས་ བྱུང་ཡོད་པའི་དོགས་པ་ཡོདཔ་སྦེ་ཨིན་མས།

མེ་རྐྱེན་དེ་ལས་བརྟེན་ཏེ་ ཁྱིམ་གྱི་ཇོ་བདག་གཅིག་ལུ་ རྨ་སྐྱོན་དུམ་གྲ་ཅིག་བྱུང་ཡོདཔ་མ་གཏོགས་ གཞན་ ཚེ་སྲོག་ལུ་ བར་ཆད་བྱུང་ཡོད་པའི་ སྙན་ཞུ་ཚུ་མེདཔ་ཨིན་མས།

ཨིན་རུང་ ཁྱིམ་འདི་ཚུའི་ནང་སྡོད་མི་དང་ ཇོ་བདག་ཚུ་གི་རྒྱ་དངོས་ཚུ་ ག་རང་འཚིག་སོངཔ་ཨིན་མས།

གནོད་སྐྱོན་བྱུང་མི་ཚུ་ བརྟག་ཞིབ་འབད་ནི་དང་ ཉམས་རྒུད་བྱུང་མི་ཚུ་ལུ་ དགོས་མཁོའི་གྲོགས་རམ་ཚུ་འབད་ནི་གི་དོན་ལས་ རྒྱལ་ཚབ་ཡིག་ཚང་དང་ རྫོང་ཁག་གི་འགོ་དཔོན་ཚུ་ ས་གནས་འདི་ཁར་འོང་ཡོདཔ་ཨིན་མས།

གནས་ཚུལ་བསྡུ་ལེན་འབད་མི་ བསོད་ནམས་ཚེ་རིང་། མོང་སྒར།

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར་ཕཀོད་ས།

Please enter your comment!
Please enter your name here

བསམ་འཆར།

Facebook
Twitter
YouTube