ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ མི་སྟོབས་ཀྱི་རང་དབང་ཧྲིལ་པོ་འབྱིན་དགོ་པའི་གྲོས་འཆར།

༉ རྒྱལ་ཡོངས་ཚོགས་སྡེ་གི་ གཞུང་སྐྱོང་ལེགས་ལྡན་ཚོགས་ཆུང་གིས་ ད་རིས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ མི་སྟོབས་ཀྱི་ཐད་ཁར་ རང་དབང་ཧྲིལ་པོ་སྦེ་རང་འབྱིན་དགོཔ་སྦེ་ གྲོས་འདེབས་ཕུལ་ཡི།

གནད་དོན་འདི་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ཡང་ ངན་ལྷན་བཀག་སྡོམ་ལྷན་ཚོགས་ཀྱི་འཕྲི་སྣོན་དཔྱད་ཡིག་ནང་ལུ་ དོན་ཚན་གསརཔ་ཅིག་སྦེ་རང་བཙུགས་དགོ་པའི་ གྲོས་འཆར་བཀོད་དེ་ཡོདཔ་ཨིན་མས།

ད་རུང་ གཞུང་སྐྱོང་ལེགས་ལྡན་ཚོགས་ཆུང་གི་ཁྲི་འཛིན་ སུར་ཇ་མཱན་ཐ་པ་གིས་འབད་བ་ཅིན་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ཁ་ཐུག་ལས་ ཁོང་རའི་ ལཱ་དང་འགན་ཁུར་འབག་ནི་ནང་ལུ་ མི་སྟོབས་མ་ལང་མི་འདི་ དཀའ་ངལ་ཆེ་ཤོས་ཅིག་སྦེ་ འཐོན་ཏེ་ཡོདཔ་སྦེ་ བཀོད་དེ་ཡོད་ཟེར་ཨིན་མས།

འདི་འབདཝ་ལས་ མི་སྟོབས་ལངམ་སྦེ་རང་འབྱིན་ད་པ་ཅིན་ འགན་ཁུར་ཚུ་ ཁྱད་རིག་གི་སྒོ་ལས་འབག་ནི་ནང་ ཕན་ཐོགས་ནི་ཨིནམ་ལས་ གྲོས་འཆར་བཀོད་དོ་ཟེར་ཞུ་ཡི།

ཨིན་རུང་ གཞུང་སྐྱོང་ལེགས་ལྡན་ཚོགས་ཆུང་གིས་བཀོད་མི་ནང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་འདི་ནང་ དགོས་མཁོ་ལྡན་པའི་ མི་སྟོབས་སྒྲུབ་མ་ཚུགས་པ་ཅིན་ ཤེས་ཡོན་དང་བརྡ་སྤྲོད་ལས་རིམ་ཚུ་གི་དོན་ལུ་ ལས་སྡེ་གཞན་ཚུ་ལས་ མི་སྟོབས་འཚོལ་ནི་གི་ བདེ་ཐབས་སྒྲིག་དགོ་པའི་ རྒྱབ་སྣོན་བཀོད་དོ་ཟེར་ཨིན་མས།

ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ སྤྱི་ལོ་༢༠༠༦ལས་ར་ རང་དབང་ཧྲིལ་པོ་དགོཔ་སྦེ་ ཨུ་ཚུགས་བསྐྱེད་དེ་ར་ཡོདཔ་ཨིན།

ལྷན་ཚོགས་འདི་གིས་ ལོ་བསྟར་སྙན་ཞུ་ཚུ་ནང་ཡང་ མི་སྟོབས་དང་དངུལ་རྩིས་ དེ་ལས་ ཐག་བཏོག་ནི་གི་དབང་ཆ་ཚུ་རྩིས་ཏེ་ འཐོན་སྐྱེད་ཚུ་གི་དབང་ཚད་མེད་པ་ཅིན་ ལག་ལེན་གྱི་རང་དབང་འདི་ དོན་དག་མིན་འདུག་ཟེར་ཨིན་མས།

ཨིན་རུང་ འཐུས་མི་ལ་ལུ་ཅིག་གིས་འབད་བ་ཅིན་ མི་སྟོབས་ཀྱི་ཐད་ཁར་ རང་དབང་བརྒྱ་ཆ་ལས་བརྒྱ་འདི་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་བཟུམ་གྱི་ལས་སྡེ་ཚུ་ནང་ལུ་ཡང་མེད་ཟེར་ཞུ་ཡི།

གཞུང་སྐྱོང་ལེགས་ལྡན་ཚོགས་ཆུང་གིས་ འཕྲིད་སྣོན་དཔྱད་ཡིག་འདི་གུ་ གྲོས་འཆར་གྱི་དོན་ལས་ དོན་ཚན་༦༡གསལ་ཞུ་ཕུལ་ཏེ་ཡོདཔ་ཨིན།

 

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར་ཕཀོད་ས།

Please enter your comment!
Please enter your name here

བསམ་འཆར།

Facebook
Twitter
YouTube