ཀེ་ཧང་ནག་ཚོང་འཐབ་པའི་རྩོད་དོན་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་བཏང་ཡོདཔ།

༉ མོང་སྒར་གྱི་ཁྲིམས་སྲུང་འགག་པ་གིས་ ད་རིས་ སྨྱོ་རྫས་ཀེ་ཧང་ ནག་ཚོང་འཐབ་ཡོད་པའི་རྩོད་དོན་འདི་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ནང་ བཏང་སྟེ་འདུག

འདི་ཡང་ ཁྲིམས་སྲུང་འགག་པ་གིས་ འདས་པའི་བདུན་ཕྲག་ནང་ སྐྱེ་ལོ་༡༩ལང་མི་ ཕོ་སྐྱེས་ཅིག་གིས་ ཀེ་ཧང་འདབ་མ་ ག་རམ་༢༨དང་ ཀེ་ཧང་གི་སྨྱོ་རྫས་ ཀེ་ལྗིད་༡མ་ལང་ཅིག་འབག་སྟེ་ཡོདཔ་སྦེ་ བདའ་ཟུན་ནུག

ཁྲིམས་སྲུང་འགག་པ་དང་འཁྲིལཝ་ད་ ཕོ་སྐྱེས་འདི་ཡང་ མོང་སྒར་ རྩ་མང་ལས་ བུམ་ཐང་ཁ་ཐུག་འགྱོ་བའི་ལམ་ཁར་ བདའ་ཟུན་ཏེ་ཡོདཔ་སྦེ་ཨིན་མས།

འདི་བཟུམ་སྦེ་ ཁྲིམས་སྲུང་འགག་པ་གིས་ ཕོ་སྐྱེས་འདི་ཡང་ གསང་བའི་སྙན་ཞུ་ཐོབ་པའི་ཤུལ་མ་ ཡོངས་ཀ་ལ་ལས་ བཟུང་ཡོདཔ་ཨིན་མས།

འདི་དང་གཅིག་ཁར་ ཕོ་སྐྱེས་འདི་ལུ་ བརྟག་དཔྱད་འབད་བའི་སྐབས་ སྨྱོ་རྫས་སྤྱོད་དེ་ཡོདཔ་སྦེ་ ཧ་གོ་སྟེ་འདུག

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར་ཕཀོད་ས།

Please enter your comment!
Please enter your name here

བསམ་འཆར།

Facebook
Twitter
YouTube