རྩི་རང་ལུ་ ལོ་༥༣ལང་མི་ ཕོ་སྐྱེས་ཅིག་ དོམ་གྱིས་གཞར་ཏེ་ཡོདཔ།

༉ རྩི་རང་ལུ་ དོམ་གྱིས་ གཞར་ཏེ་ཡོད་མི་ ལོ་༥༣ལང་མི་ ཕོ་སྐྱེས་འདི་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ གནས་སྟངས་སྒྲིང་སྒྲིང་སྦེ་ཡོདཔ་སྦེ་ཨིན་མས།

ཕོ་སྐྱེས་འདི་ ཁ་ཙ་ཕྱི་རུ་ རྩི་རང་ལས་སྦེ་ ཐིམ་ཕུག་ལུ་བཏང་ཡོདཔ་ཨིན་མས།

རྐྱེན་ངན་འདི་ཡང་ ཁ་ཙ་ཕྱི་རུ་ཁམས་ སྤ་ཚ་གླིང་སྨད་ལུ་ ཕོ་སྐྱེས་འདི་གི་ ཁྱིམ་གྱི་སྦོ་ལོགས་ཁར་བྱུང་ཡོདཔ་དང་ དེ་བསྒང་ ཁོ་གི་ གདོང་དང་ བརླད་དོ་གུ་ རྨ་བཏོན་ཏེ་ཡོདཔ་སྦེ་ཨིན་མས།

རྩི་རང་རྫོང་ཁག་གི་ ནགས་ཚལ་ཡིག་ཚང་གི་ མི་སྡེའི་བརྡ་བརྒྱུད་ཕེསི་བུཀ་ནང་ ད་རེས་ དོམ་འདི་ཚུ་ ཕར་ཚུར་བྱེལ་བའི་ དུས་ཚོད་ཅིག་ཨིནམ་སྦེ་བཀོད་དེ་འདུག

པདྨ་ཚེ་དབང་། གནས་ཚུལ་བསྡུ་ལེན་པ། རྩི་རང་།

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར་ཕཀོད་ས།

Please enter your comment!
Please enter your name here

བསམ་འཆར།

Facebook
Twitter
YouTube