ཀེ་ཧང་འབག་ཡོད་པའི་དོགས་པ་ལས་བརྟེན་ཏེ་ ཕོ་སྐྱེས་༥བཟུང་ཡོདཔ།

༉ བཀྲིས་གཡང་རྩེ་ལུ་ ཁྲིམས་སྲུང་འགག་པ་གིས་ སྐྱེས་ལོ་༡༧ལང་མི་ན་ཆུང་གཅིག་རྩིས་ཏེ་ ཕོ་སྐྱེས་༥ ཀེ་ཧང་འཕུར་སྡོད་ས་བདའ་ཟུན་ཡོདཔ་ལས་ དོ་དམ་འོག་ལུ་བཙུགས་ནུག

གནད་དོན་འདི་ཡང་ ད་རེས་ཀྱི་ཟླཝ་ནང་ལུ་བྱུང་ཡོདཔ་ད་ འདི་ཡང་ དོགས་པ་ཅན་གཉིས་ཀྱི་ཕམ་གིས་ ཁོང་གི་ཨ་ལུ་གཉིསཔོ་འདི་ སྣུམ་འཁོར་བདའ་སྟེ་ གར་སོང་མེདཔ་བྱང་ད་ནུག་ཟེར་ སྙན་ཞུ་འབད་བའི་ཤུལ་ལུ་ཨིན་མས།

ཁྲིམས་སྲུང་འགག་པ་ཚུ་གིས་ ཁོང་གཉིས་ཀྱི་སྣུམ་འཁོར་འདི་ སྤྱི་ཟླ་འདི་གི་སྤྱི་ཚེས་༥ལུ་ འཇམ་མཁར་རྒེད་འོག་གི་ ཉ་གཅིག་ཟེར་ས་ལུ་ མཐོང་སྟེ་འཚོལ་བའི་སྐབས་ལུ་ ས་གནས་འུང་ཆི་ལུ་ཟེར་ས་ལུ་ལྷོདཔ་ད་ ཁོང་ཆ་ཁྱབ་ ཀེ་ཧང་འཕུར་སྡོད་སར་བདའ་ཟུན་ནུག

འུང་ཆི་ལུ་འདི་ འཁོར་ལམ་ཁ་ལས་ དུས་ཡུན་ཆུ་ཚོད་༤དེ་ཅིག་ རྐང་སྟོང་སྦེ་འགྱོ་དགོ་པའི་ས་ཁ་ལུ་ཆགས་ཏེ་ཡོདཔ་ཨིན་མས།

ཁྲིམས་སྲུང་འགག་པ་གིས་ དེ་བསྒང་ ཁོང་ཆ་ཁྱབ་ཀྱི་ནང་ལས་ ཀེ་ཧང་གི་ཐོན་སྐྱེད་ ག་རམ་བརྒྱ་ལས་བཅད་དེ་ བདའ་ཟུན་ནུག

གནད་དོན་འདི་གི་ཐད་ཁར་ ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འབད་བའི་བསྒང་རང་འདུག

 

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར་ཕཀོད་ས།

Please enter your comment!
Please enter your name here

བསམ་འཆར།

Facebook
Twitter
YouTube