སྤ་ཚ་གླིང་གི་རྒཔོ་བགྲེསཔ་གི་ རྩིས་ཞིབ་ཉོག་མེད་ལག་ཁྱེར་ ཆ་མེད་བཏང་ཡོདཔ།

༉ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ སྤྱི་ཟླ་འདི་གི་སྤྱི་ཚེས་༡༧ལུ་ རྩི་རང་ སྤ་ཚ་གླིང་གི་རྒཔོ་བགྲེསཔ་ལུ་ རྩིས་ཞིབ་ཀྱི་ཉོག་མེད་ལག་ཁྱེར་སྤྲོད་མི་འདི་ ཆ་མེད་བཏང་ནུག

འདི་ཡང་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་དང་འཁྲིལ་བ་ཅིན་ ངན་ལྷད་བཀག་བསྡམ་ལྷན་ཚོགས་ཀྱིས་ རྒཔོ་བགྲེསཔ་འདི་གི་སྐོར་ལས་ ཉོགས་བཤད་བཀོད་པའི་ཤུལ་ལུ་ཨིནམ་སྦེ་བཤད་ཅི།

ད་རུང་ དབང་འཛིན་གྱིས་འབད་བ་ཅིན་ རྒཔོ་བགྲེསཔ་འདི་གིས་ རྒཔོ་སྦེ་ཕྱག་ཞུ་བའི་ནམ་དུས་ལུ་ དབང་ཚད་ལོག་སྤྱོད་འབད་དེ་ ཡོདཔ་སྦེ་ཨིན་མས།

འདི་འབདཝ་ལས་ རྒཔོ་བགྲེསཔ་འདི་ལུ་ རྩིས་ཞིབ་ཉོག་མེད་ཀྱི་ལག་ཁྱེར་འདི་ ངན་ལྷད་བཀག་བསྡམ་ལྷན་ཚོགས་ཀྱིས་ ཞིབ་དཔྱད་ཚུ་མཇུག་བསྡུ་བའི་ཤུལ་ལུ་ འབྱིན་འོང་ཟེར་བཤད་ཅི།

རྒཔོ་བགྲེསཔ་འདི་གིས་ སྤ་ཚ་གླིང་རྒེད་འོག་གི་ སྤང་ཐང་སྤྱི་འོག་ནང་ལས་ ད་རུང་ར་ ཤུལ་མའི་ཟླཝ་ནང་ལུ་འགོ་འདྲེན་འཐབ་ནི་སྦེ་ཡོད་མི་ ས་གནས་གཞུང་གི་བཙག་འཐུ་ཐེངས་༣པ་ནང་ལུ་ རྒཔོ་གི་དོན་ལུ་ དོ་འགྲན་འབད་ནི་སྦེ་ སྤྱི་འོག་གདམ་ངོའི་འཛོམས་འདུ་ནང་ལས་ གདམ་འཐུ་གྲུབ་སྟེ་ཡོདཔ་ཨིན་མས།

འདི་དང་ཅིག་ཁར་ ང་བཅས་རྒྱང་བསྒྲགས་ཀྱིས་ རྒཔོ་བགྲེསཔ་འདི་གིས་ གནད་དོན་འདི་གི་སྐོར་ལས་ འབྲེལ་ཡོད་དབང་འཛིན་ཚུ་འབད་སར་ བཅའ་བར་འགྱོ་དོ་ཨིནམ་སྦེ་ ཧ་གོ་སྟེ་ཡོདཔ་ཨིན།

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར་ཕཀོད་ས།

Please enter your comment!
Please enter your name here

བསམ་འཆར།

Facebook
Twitter
YouTube