ཀྲོང་གསར་ལུ་ སངྱས་སྨན་བླའི་སྐུ་འདྲ་གཅིག་ཕུལ་ཡོདཔ།

༉ བུམ་ཐང་ལས་ སྐྱེས་ལོ་༦༩་ལང་མི་ཕོ་སྐྱེས་གཅིག་གིས་ ཁ་ཙ་ ཀྲོང་གསར་རབ་སྡེ་ལུ་ ཕིཊ་༣་འབད་མི་ སངས་རྒྱས་སྨན་བླའི་སྐུ་འདྲ་གཅིག་ ཕུལ་ནུག

སྐུ་ཕུལ་མི་ མགོན་པོ་རྡོ་རྗེ་གིས་སླབ་མི་ནང་ ཁོ་གིས་ ཀྲོང་གསར་རྫོང་ནང་ལུ་ སྐུ་འདྲ་ དེ་སྦེ་ཕུལ་དགོ་མི་འདི་ཡང་ ཁོ་ར་ཨ་ལུ་ཅིག་སྦེ་ ཀྲོང་གསར་རབ་སྡེ་ནང་ལུ་ དགེ་སློང་སྦེ་འཛུལ་ཏེ་ མི་ཚེ་འགོ་བཙུགས་ནི་འདི་གིས་ འདི་གི་གུས་བཏུད་བཟུམ་ཅིག་སྦེ་ ཕུལ་དོ་ཟེར་ཨིན་མས།

ད་རུང་ ཁོ་གིས་སླབ་མི་ནང་ ཁོ་ར་ དྲུང་འཚོ་འབད་ནི་གི་གོ་སྐབས་ཐོབ་ཚུགས་མི་འདི་ཡང་ ཀྲོང་གསར་རབ་སྡེ་གི་རྒྱབ་སྐྱོར་ལས་བརྟེན་ཏེ་འབདཝ་ལས་ བཀྲིན་དགའ་འཚོར་བསམ་ནི་གི་དོན་ལུ་ཡང་ཨིན་ཟེར་བཤད་ཅི།

ཁོ་གིས་ སྤྱི་ལོ་༡༩༦༠་གི་ལོ་གྲངས་ལས་ ཀྲོང་གསར་རབ་སྡེ་ནང་ལུ་ དགེ་སློང་སྦེ་འཛུལ་ཞིནམ་ལས་ ཤུལ་ལས་ ནང་སྨན་གྱི་ཤེས་ཡོན་སྦྱང་ཡོདཔ་ཨིན་མས།

དེ་ལས་ ཤུལ་ལས་ ཁོ་གིས་ དྲུང་འཚོ་འབད་དེ་ ད་རེས་འབདཝ་ད་ ལོ་ཁལ་ལྷགཔ་ཅིག་སོང་ནུག

ཀྲོང་གསར་རྫོང་ནང་ལུ་ ལྷ་ཁང་༢༠་དེ་ཅིག་ཡོདཔ་ད་ འདི་ཚུ་ནང་ལུ་ ད་ལྟོ་ཚུན་ཚོད་ སངས་རྒྱས་སྨན་བླའི་སྐུ་འདྲ་གཅིག་ཡང་མེདཔ་སྦེ་ཨིན་མས།

 

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར་ཕཀོད་ས།

Please enter your comment!
Please enter your name here

བསམ་འཆར།

Facebook
Twitter
YouTube