རྒྱལ་ཁབ་ནང་ རང་བཞིན་གྱི་ལུད་བཟོ་སའི་ འཕྲུལ་ཁང་དང་པ་བཙུགས་ནི་ཨིནམ།

༉ འབྲུག་རྒྱལ་ཁབ་ཀྱིས་ རྫས་སྦྱོར་མེད་པའི་ རང་བཞིན་གྱི་ལུད་བཟོ་སའི་ འཕྲུལ་ཁང་དང་པ་འདི་ དབང་འདུས་ཕོ་བྲང་ ཨ་ཐང་རྒེད་འོག་ནང་ལུ་ གཞི་བཙུགས་འབད་ནི་ཨིན་མས།

འདི་གི་དོན་ལུ་ ད་རིས་ སོ་ནམ་འཕྲུལ་ཆས་ལས་འཛིན་དང་ བི་ཨེན་བི་ཀོ་རི་ཡ་ལས་སྡེ་༢ཀྱི་བར་ན་ གོ་བརྡའི་ཆིངས་ཡིག་གུ་ མཚན་རྟགས་བཀོད་དེ་ཡོདཔ་ཨིན།

དེ་སྦེ་ འཕྲུལ་ཁང་གཞི་བཙུགས་འབད་མི་འདི་ཡང་ འབྲུག་རྒྱལ་ཁབ་ཀྱིས་ སོ་ནམ་གྱི་ཐད་ཁར་ བརྒྱ་ཆ་ལས་བརྒྱ་ རང་བཞིན་གྱི་སྨིནམ་སྦེ་བཟོ་ནིའི་ དམིགས་ཡུལ་ཡོད་མི་དང་འབྲེལ་ཏེ་ཨིན་མས།

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར།

Facebook
Twitter
YouTube