ན་གཞོན་སྡེ་ཚན་གཅིག་གིས་ ད་རེས་འགོ་དང་པ་ གླང་ལེབ་ཐོན་མི་འཕྲུལ་ཆས་ཅིག་ བཏོན་ཡོདཔ།

༉ ནད་གཞི་ཀོ་ཝིཊ་ནའིན་ཊིན་ཐོན་པའི་ཤུལ་ ལགཔ་ཁྱུ་ནི་དང་ སྨན་ཆུ་ཚུ་ལག་ལེན་འཐབ་ནི་འདི་ ཨ་རྟག་གི་འགྲོ་ལུགས་ཅིག་སྦེ་ འགྱོ་སྟེ་ཡོདཔ་ཨིན།

ཨིན་རུང་ ད་རེས་ནངས་པར་ གླང་ལེབ་དང་སྨན་ཆུ་ཚུ་ ལོགས་སུ་སྦེ་བཞག་མ་དགོ་པར་ འཕྲུལ་ཆས་ཚུ་བཀལ་བཞག་པའི་བསྒང་ལས་ འདི་གི་འོག་ལུ་ ལགཔ་བཟེདཔ་ཅིག་རང་ ཐོན་འོང་ནི་འདི་གིས་ ལགཔ་ཁྱུ་ནི་འདི་ སྟབས་བདེ་ཏོག་ཏོ་སྦེ་རང་འགྱོ་སྟེ་འདུག

འདི་བཟུམ་གྱི་འཕྲུལ་ཆས་འདི་ ད་རེས་འགོ་དང་པ་ འབྲུག་ལུ་ཡང་ ན་གཞོན་གྱི་སྡེ་ཚན་གཅིག་གིས་ ཐང་སྟོང་༨༥ཟེར་བའི་ལས་འགུལ་གྱི་ཐོག་ལུ་ བཟོ་སྟེ་འདུག

སྡེ་ཚན་འདི་གིས་ འཕྲུལ་ཆས་འདི་བཟོ་ཚར་ཚར་ལུ་ ཟླཝ་དྲུག་འགོར་སོང་ནུག

ཐང་སྟོང་རྒྱལ་པོ་༨༥ལས་འགུལ་གྱི་འགོ་འདྲེན་པ་ བཀྲིས་རྣམ་རྒྱལ་གྱིས་སླབ་མི་ནང་ ལགཔ་འཁྱུ་ནི་འདི་ དེ་སྦེ་རང་སྡོད་ནི་ཨིནམ་ལས་ ཁོང་གིས་ཧོངས་ལས་ འཕྲུལ་ཆས་འདི་ཡང་ བཟོ་སྟེ་རང་སྡོད་འོང་ཟེར་ཨིན་མས།

ད་རུང་ ཁོ་གིས་སླབ་མི་ནང་ འཕྲུལ་ཆས་འདི་ བཅོ་ཁ་རྐྱབ་ཚུགས་པའི་འཕྲུལ་ཆས་ཅིག་ཨིན་ཟེར་བཤད་ཅི།

གླང་ལེབ་བླུགས་ཏེ་ཡོད་པའི་འཕྲུལ་ཆས་རེ་ལུ་ གོང་ཚད་དངུལ་ཀྲམ་སྟོང་ཕྲག་༢དེ་རེ་ སླབ་དོ་ཡོད་རུང་ གླང་ལེབ་མེད་པར་ འཕྲུལ་ཆས་རྐྱངམ་ཅིག་འབད་བ་ཅིན་ དངུལ་ཀྲམ་༡༧༠༠ལས་བརྒལ་ མི་གནས་དོ་ཡོདཔ་ཨིན་མས།

ལས་འགུལ་འདི་གིས་ འཕྲུལ་ཆས་གསར་བཏོན་འབད་མི་དང་འབྲེལ་ འཕྲུལ་ཆས་༥༠འབད་མི་ཅིག་ གསོ་བའི་གཞི་རྟེན་སྨན་ཁང་དང་ གཞན་མི་མི་མང་གི་ས་སྒོ་ཚུ་ནང་ལས་ཕར་ རིན་མེད་སྟོང་པ་སྦེ་ བཀྲམ་ནི་སྦེ་འདུག

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར།

Facebook
Twitter
YouTube