འཇིགས་མེད་གླིང་གི་བཟོ་གྲྭ་འཕྲུལ་ཁང་གི་དོན་ལུ་ གློག་མེ་བཀྲམ་སྤེལ་གྱི་ལཱ་འགོ་བཙུགས་ཡོདཔ།

༉ གསར་སྤང་ འཇིགས་མེད་གླིང་གི་བཟོ་གྲྭ་འཕྲུལ་ཁང་ནང་ལུ་ གློག་མེ་བཀྲམ་སྤེལ་འབད་ནི་གི་ལཱ་ འགོ་བཙུགས་ཏེ་ཡོདཔ་ད་ གློག་མེ་འདི་ཡང་ ཉེ་འདབས་ལུ་ཡོད་པའི་ ཀི་ལོ་བོལཊ་t༤༠༠འབད་མི་ འཕྲུལ་ཨམ་ནང་ལས་ བཀྲམ་སྤེལ་འབད་ནི་ཨིན་མས།

འཇིགས་མེད་གླིང་འཕྲུལ་ཨམ་གྱི་འཛིན་སྐྱོང་པ་ རྡོ་རྗེ་དབང་ཕྱུག་གིས་སླབ་མི་ནང་ བཟོ་གྲྭ་འཕྲུལ་ཁང་འདི་ནང་ལུ་ གློག་མེ་བཀྲམ་སྤེལ་འབད་ནི་གི་དོན་ལས་ ཀི་ལོ་བོལཊ་༡༣༠འབད་མི་ གློག་ཐག་དཀྲིང་ནི་གི་ལཱ་འདི་ འཕྲུལ་ཁང་ཚུ་རྐྱབ་ཚར་བའི་བསྒང་ལས་ མཇུག་བསྡུ་ཚུགས་ཟེར་བཤད་ཅི།

དམིགས་གསལ་དཔལ་འབྱོར་ས་ཁོངས་ཟེར་ཡང་སླབ་མི་ འཇིགས་མེད་གླིང་གི་ བཟོ་གྲྭ་འཕྲུལ་ཁང་འདི་ནང་ལུ་ ད་རེས་ནངས་པར་ མཐུན་རྐྱེན་ཚུ་རྐྱབ་ནི་གི་ལཱ་འགོ་བཙུགས་ནི་གི་དོན་ལས་ ལཱ་ཚུ་འབད་བའི་བསྒང་རང་འདུག

ས་ཁོངས་འདི་ནང་ལུ་ འཕྲུལ་ཁང་༥༡གཞི་བཙུགས་འབད་ནི་གི་དོན་ལུ་ ས་ཆ་ཚུ་གླ་ཁར་ བཏང་སྟེ་ཡོད་ས་ལས་ ན་ཧིང་ལས་ཚུར་ འཕྲུལ་ཁང་བཞི་ གཞི་བཙུགས་འབད་ནི་སྦེ་ ལཱ་འབད་བའི་བསྒང་ཡོདཔ་ཨིན།

བཟོ་གྲྭ་འཕྲུལ་ཁང་གི་ས་སྒོ་དོན་ལུ་རྐྱབ་སྟེ་ཡོད་མི་ ཀི་ལོ་བོལཊ་༤༠༠འབད་མི་འཕྲུལ་ཨམ་འདི་ནང་ལུ་ ནུས་ཤུགས་ཚུ་ མང་སྡེ་ཆུ་གློག་མེ་ལས་འགུལ་ནང་ལས་ བཀྲམ་སྤེལ་འབད་དོ་ཡོདཔ་ཨིན་མས།

འཕྲུལ་ཨམ་འདི་ཡང་ ངོ་མ་རང་ རྒྱལ་ཁབ་ཀྱི་ཤར་ཕྱོགས་དང་ནུབ་ཕྱོགས་ཀྱི་བར་ན་ལུ་ གློག་མེ་གི་རྒྱུན་ལམ་མཐུད་ནི་གི་དོན་ལུ་ རྐྱབ་སྟེ་ཡོདཔ་ཨིན་མས།

གློག་མེ་གི་འཕྲུལ་ཨམ་འདི་ སྤྱི་ལོ་༢༠༡༨ལས་འགོ་བཙུགས་ཡོདཔ་ད་ འཕྲུལ་ཨམ་འདི་ཡང་ ཟད་འགྲོ་དངུལ་ཀྲམ་ཐེར་འབུམ་ཕྱེད་ད་༣དེ་ཅིག་བཏང་ཞིནམ་ལས་རྐྱབ་ནུག

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར།

Facebook
Twitter
YouTube