ཅེསི་འགྲན་བསྡུར།

༉ བུ་ཊན་ཅེསི་ཨོ་པཱན་ཅེམ་པོན་ཤིབ་ཟེར་མི་ ཅེསི་ཀྱི་འགྲན་བསྡུར་ནང་ལུ་ སློབ་ཕྲུག་ཚུ་རྩིས་ཏེ་ མི་གྲངས་༤༠༠ལྷགཔ་ཅིག་གིས་ བཅའ་མར་གཏོགས་ཅི།

ཉིནམ་གཉིས་ཀྱི་ལས་རིམ་འདི་ཡང་ གཟའ་ཉིམ་ལུ་ མཇུག་བསྡུ་སྟེ་ཡོདཔ་ཨིན།

བཅའ་མར་གཏོགས་མི་ཚུ་གིས་ རྩེད་འགྲན་ཁག་༥་རྩེད་བའི་ཤུལ་ དབྱེ་ཁག་མ་འདྲཝ་ཚུ་ནང་གི་ དྲག་ཤོས་ཚུ་ གསལ་བསྒྲགས་འབད་དེ་ དངུལ་རྐྱང་གི་གསོལ་རས་ཚུ་འབྱིན་ནུག

ཞིབ་འཇུག་དང་འཁྲིལ་བ་ཅིན་ ཅེསི་རྩེད་བའི་སྐབས་ལུ་ གནས་སྐབས་གསརཔ་བཏོན་ནི་དང་ འཆར་གཞི་བརྩམ་ནི་ དེལས་ ཨ་ལུ་ཚུ་གི་ཀླདཔ་འཕར་ནི་ནང་ལུ་ ཕན་ཐོགས་དོ་ཡོདཔ་སྦེ་ཨིན་མས།

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར།

Facebook
Twitter
YouTube