བསམ་གྲུབ་ལྗོངས་མཁར་གྱི་ཁྲིམས་སྲུང་འགག་སྡེ་གིས་ མི་སྡེའི་བརྡ་བརྒྱུད་ཚུ་ནང་ གློག་བརྙན་ཅིག་བཀྲམ་ཡོད་པའི་དོགས་པ་ལུ་བརྟེན་ ཕོ་སྐྱེས་ ༣ བཟུང་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་གྱི་ཁྲིམས་སྲུང་འགག་སྡེ་གིས་ གཟའ་ཟླཝ་གི་ཚེས་ མི་སྡེའི་བརྡ་བརྒྱུད་ཚུ་ནང་ ཨམ་སྲུ་ཅིག་གི་སྒྱེན་མོའི་གློག་བརྙན་ཅིག་ བཀྲམ་ཡོད་པའི་དོགས་པ་ལུ་བརྟེན་ ཕོ་སྐྱེས་ ༣ བཟུང་ནུག

གནས་ཚུལ་འབྱུང་ཁུངས་ཅིག་དང་འཁྲིལ་པ་ཅིན་ དོགས་པ་ཅན་ཅིག་གིས་ སྤྱི་ལོ་ ༢༠༡༦ ལུ་ ཨམ་སྲུ་འདི་དང་ གཟུགས་མཐོང་གི་བརྒྱུད་འཕྲིན་བཏང་པའི་སྐབས་ ཨམ་སྲུ་འདི་ལུ་ གོ་ལ་ཕུད་དགོཔ་སྦེ་སླབ་སྟེ་ མ་ཤེསཔ་སྦེ་ གློག་བརྙན་འདི་ སྒྲ་བཟུང་འབད་ནུག་ཟེར་ཨིན་མས།

འདི་བཟུམ་སྦེ་ གཞན་མི་དོགས་པ་ཅན་ ༢ ཀྱིས་ཡང་ འཕྲལ་ཁམས་ཅིག་ཁར་ གློག་བརྙན་འདི་ མི་སྡེའི་བརྡ་བརྒྱུད་ཚུ་ནང་ལས་ཕར་ ཁྱབ་སྤེལ་བཏང་སྟེ་འདུག་ཟེར་ཨིན་མས།

གློག་བརྙན་འདི་ མི་སྡེའི་བརྡ་བརྒྱུད་ཚུ་ནང་ལས་ཕར་ ཁྱབ་སྤེལ་འགྱོ་བའི་ཤུལ་མ་ ཨམ་སྲུ་འདི་གིས་ རང་སྲོག་བཅད་ནི་གི་དཔའ་བཅམ་སྟེ་ཡོདཔ་སྦེ་ཨིན་མས།

ཨམ་སྲུ་འདི་ སྨན་ཁང་ནང་བསྐྱེལ་ཡོདཔ་ད་ འདི་བསྒང་ འགོ་དཔོན་ཚུ་གིས་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ནུག

ད་རེས་ དོགས་པ་ཅན་ཚུ་ཡང་ རྒྱབ་མི་བཙུགས་ཏེ་ བཏང་སྟེ་ཡོདཔ་ཨིན་མས།

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར།

Facebook
Twitter
YouTube