ཨཱན་ཇུ་གུ་རུང་གིས་ ཝལཌ་ཕེར་བེརཊ་ཨིན་བའི་ཊེ་ཤཱན་ནཱལ་ཟེར་མི་ འགྲན་བསྡུར་ནང་ལུ་ བཅའ་མར་གཏོགས་ནི།

༉ རྒྱལ་ཡོངས་ཨམ་སྲུའི་ཀིར་ཀེཌ་སྡེ་ཚན་གྱི་འགོ་ཁྲིདཔ་འོགམ་ ཨཱན་ཇུ་གུ་རུང་གིས་ ཝལཌ་ཕེར་བེརཊ་ཨིན་བའི་ཊེ་ཤཱན་ནཱལ་ཟེར་མི་ འགྲན་བསྡུར་ཐེངས་དང་པའི་ནང་ བཅའ་མར་གཏོགས་ནི་གི་དོན་ལུ་ གདམ་འཐུ་སྒྲུབ་སྟེ་འདུག

འབྲུག་ཀིར་ཀེཌ་ཚོགས་སྡེ་དང་འཁྲིལ་བ་ཅིན་ སྐྱེས་ལོ་༢༨ལང་མི་ ཨཱན་ཇུ་གིས་ འཛམ་གླིང་གི་ཨམ་སྲུ་རྩེད་འགྲན་པ་དྲག་ཤོས་ཚུ་དང་གཅིག་ཁར་ རྩེད་འགྲན་འབད་འོང་ཟེར་ཨིན་མས།

མོ་རང་ དེ་སྦེ་གདམ་འཐུ་སྒྲུབ་མི་འདི་ཡང་ ཚོགས་སྡེ་གིས་ འགྲན་བསྡུར་འདི་གི་དོན་ལུ་ འབྲུག་ལས་ ཨམ་སྲུ་རྩེད་འགྲན་པ་དག་པ་ཅིག་གི་གློག་བརྙན་ཐུང་ཀུ་ཚུ་ བསྐྱལ་བཏང་པའི་ཤུལ་ལུ་ཨིན་མས།

ཝལཌ་ཕེར་བེརཊ་ཨིན་བའི་ཊེ་ཤཱན་ནཱལ་ཟེར་མི་ འགྲན་བསྡུར་འདི་ཡང་ སྒེར་གྱི་མ་དངུལ་རྒྱབ་སྐྱོར་འབད་དེ་ འགོ་འདྲེན་འཐབ་ནི་སྦེ་ཡོད་མི་ ཨམ་སྲུའི་ཀིར་ཀེཌ་གི་འགྲན་བསྡུར་ཅིག་ཨིནམ་ད་ འགྲན་བསྡུར་འདི་ཡང་ སང་ཕོད་ ཧོང་ཀོང་ལུ་ འགོ་འདྲེན་འཐབ་ནི་གི་ལས་རིམ་འདུག

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར།

Facebook
Twitter
YouTube