ཇ་པཱན་ལུ་ འབྲུག་པའི་ལུས་རྩལཔ་ཚུ་ ལེགས་ཤོམ་སྦེ་རང་ཡོདཔ།

༉ ཇ་པཱན་ལུ་ ཨོ་ལོམ་པིག་གི་རྩེད་འགྲན་ནང་འགྱོ་མི་ འབྲུག་པའི་ལུས་རྩལཔ་༤་དང་ སློབ་སྟོན་པ་༥་འདི་ ནད་ཡམས་ཀོ་ཝིཊ་ནའིན་ཊིན་མ་ཐོབ་པར་ ཉེན་སྲུང་དང་ལྡནམ་སྦེ་རང་ཡོདཔ་སྦེ་ཨིན་མས།

ད་རེས་ ཇ་པཱན་ལུ་ ཁོང་ཆ་ཁྱབ་ ཨོ་ལོམ་པིག་གི་རྩེད་རིགས་འགྲན་བསྡུར་གྱི་དོན་ལུ་ སྦྱང་བ་ཚུ་འབད་བའི་བསྒང་ར་ཡོདཔ་སྦེ་བཤད་ཅི།

འབྲུག་པའི་ལུས་རྩལཔ་ཚུ་གིས་ མདའ་རྩེད་དང་ ཀྲོབ་མདའ་བརྐྱབ་ནི་ དེ་ལས་ རྩལ་རྐྱབ་ནི་དང་ ཇུ་ཌོ་གི་དབྱེ་ཁག་ཚུ་ནང་ དོ་འགྲན་འབད་ནི་ཨིན་མས།

འབྲུག་པའི་ལུས་རྩལཔ་སྡེ་ཚན་གྱི་སློབ་སྟོན་པ་ཅིག་ཨིན་མི་ རྡོ་རྗེ་ཕུར་པ་གིས་སླབ་མི་ནང་ ཁོང་ཆ་ཁྱབ་ཀྱིས་ ཨོ་ལོམ་པིག་གི་རྩེད་འགྲན་འགོ་འདྲེན་འཐབ་མི་ཚོགས་ཆུང་གི་ སྒྲིག་གཞི་ཚུ་ལུ་ གནས་ཏེ་རང་ཡོད་ཟེར་བཤད་ཅི།

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར།

Facebook
Twitter
YouTube