མཐའ་ཟུར་གྱི་ས་གནས་ཚུ་ནང་ ཤེས་རིག་གི་སྤུས་ཚད་ ཡར་དྲག་བཏང་ནི་གི་ཐབས་ལམ།
སྤྱི་ཟླ་༥ པའི་ཚེས་ ༣༡ ༢༠༢༡
༉ ནད་ཡམས་ཀཱོ་ཝིཌ་ནའི་ཊིན་ཁྱབ་སྤེལ་འགྱོ་མི་དང་བསྟུན་ གཞན་མི་རྒྱལ་ཁབ་ཚུ་ནང་བཟུམ་སྦེ་ འབྲུག་རྒྱལ་ཁབ་ནང་ལུ་ཡང་ ཤེས་རིག་གི་ལམ་ལུགས་ཚུ་ ཡོངས་འབྲེལ་གྱི་ཐོག་ལས་ ལྷབ་ནི་གི་སྲོལ་འདི་ ཡོངས་གྲགས་འཐོན་ཏེ་ཡོདཔ་ཨིན།
ཨིན་རུང་ མཁར་-གཡུ་རུང་འདེམས་ཁོངས་ཀྱི་ སྤྱི་ཚོགས་ཀྱི་འཐུས་མི་ ཚེ་རིང་ཆོས་སྒྲོན་གྱིས་ཞུ་མི་ནང་ མཐའ་ཟུར་གྱི་ས་གནས་ཚུ་ནང་ལས་ཕར་ ཡོངས་འབྲེལ་གྱི་རྒྱུན་ལམ་ ལེགས་ཤོམ་མེདཔ་ལས་ འདི་གིས་ ཤེས་རིག་གི་སྤུས་ཚད་ལུ་ ཐོག་ཕོག་སྟེ་ཡོདཔ་སྦེ་ཨིན་མས།
འདི་འབདཝ་ལས་ འཐུས་མི་གིས་ རྒྱལ་ཡོངས་ཚོགས་འདུའི་ དྲི་བཀོད་ཀྱི་ལས་རིམ་སྐབས་ལུ་ གཞུང་གི་ཁ་ཐུག་ལས་ གནད་དོན་འདི་སེལ་ནི་གི་དོན་ལུ་ ཐབས་ལམ་དང་འཆར་གཞི་ཚུ་ ག་དེ་སྦེ་རང་སྒྲིག་སྟེ་ཡོད་ག་ཟེར་ དྲི་བ་ཞུ་ཡི།
གནས་ཚུལ་བསྡུ་ལེན་པ་ ཚེ་རིང་དོན་གྲུབ། ཐིམ་ཕུག







རྒྱང་བསྒྲགས་དང་མཐུད་འབྲེལ།