འདེམས་ཁྲི་སྟོངམ་ཚུ་གི་དོན་ལུ་ འདེམས་ངོའི་ལོ་རྒྱུས།

༉ ད་རེས་ནངས་པ་ འདས་པའི་ སྤྱི་ཚོགས་ཀྱི་བཙག་འཐུ་ ཐེངས་༣པ་ཚུན་ཚོད་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་སྦེ་འཐོན་མི་ ཀརྨ་ལྷ་མོ་གིས་ མོང་སྒར་འདེམས་ཁོངས་ནང་ལས་ འབྲུག་མཉམ་རུབ་ཚོགས་པའི་འདེམས་ངོ་སྦེ་ འཐོན་ནི་ཨིན་མས་ཟེར་བའི་ ལོ་རྒྱུས་ཚུ་ ཁྱབ་སྤེལ་སོང་སྟེ་ཡོདཔ་ཨིན།

མོ་གིས་ སྤྱི་ལོ་༢༠༡༩ལུ་ འབྲུག་ཕུན་སུམ་ཚོགས་པ་ལས་ དགོངས་ཞུ་འབད་ནུག

ཨིན་རུང་ མོ་གིས་ ང་བཅས་རྒྱང་བསྒྲགས་ལུ་སླབ་མི་ནང་ ད་ལྟོ་ འབྲུག་མཉམ་རུབ་ཚོགས་པ་གིས་ མོ་ལུ་ ཚོགས་པའི་འདེམས་ངོ་འབད་དགོ་པའི་སྐོར་ལས་ ལོ་རྒྱུས་ཚུ་ ག་ནི་ཡང་སླབ་སླབ་མེད་ཟེར་བཤད་ཅི།

འབྲུག་མཉམ་རུབ་ཚོགས་པ་གིས་བཀོད་མི་ནང་ མོང་སྒར་དང་ ངང་ལམ་འདེམས་ཁོངས་༢ཀྱི་དོན་ལས་ འདེམས་ངོ་ཚུ་ ད་ལས་ཕར་ བདུན་ཕྲག་༡དང་༢ཀྱི་ནང་འཁོད་ ཏན་ཏན་སྦེ་ གསལ་བསྒྲགས་འབད་འོང་ཟེར་ཨིན་མས།

འདི་བཟུམ་སྦེ་ འབྲུག་ཕུན་སུམ་ཚོགས་པ་གིས་ཡང་ ཚོགས་པའི་འདེམས་ངོ་ཚུ་ ངོས་འཛིན་འབད་བའི་བསྒང་ར་འདུག

འབྲུག་གི་བཙག་འཐུའི་བཅའ་ཁྲིམས་དང་འཁྲིལ་བ་ཅིན་ སྤྱི་ཚོགས་ནང་ལུ་ འདེམས་ཁྲི་སྟོངམ་འཐོན་པའི་ ཉིནམ་ལས་འགོ་བཟུང་ ཉིན་གྲངས་༩༠གི་ནང་འཁོད་ དུས་མིན་བཙག་འཐུ་ འགོ་འདྲེན་འཐབ་དགོཔ་སྦེ་འཁོད་དེ་ཡོདཔ་ཨིན།

གནས་ཚུལ་བསྡུ་ལེན་འབད་མི་ ཚེ་རིང་བཟངམོ། ཐིམ་ཕུག

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར།

Facebook
Twitter
YouTube