སྨྱོ་རྫས་ནག་ཚོང་འཐབ་མི་ ཕོ་སྐྱེས་གཅིག་ལུ་ ལོ་ལྔ་གི་བཙོན་ཁྲིམས།

༉ མོང་སྒར་རྫོང་ཁག་ཁྲིམས་ཀྱི་འདུན་ས་ལས་ ཁ་ཙ་ སྐྱེས་ལོ་༣༦ལང་མི་ཕོ་སྐྱེས་གཅིག་ལུ་ སྨྱོ་རྫས་ནག་ཚོང་འཐབ་ཡོད་པའི་ཉེས་པ་ལུ་བརྟེན་ བཙོན་ཁྲིམས་ལོ་ལྔ་གི་འཁྲུན་ཆོད་བཏོན་ཏེ་འདུག

འཁྲུན་ཆོད་འདི་དང་འཁྲིལ་བ་ཅིན་ ཉེས་ལས་འདི་ ཉེས་ཆེན་དབྱེ་རིམ་༣པ་ནང་ལུ་ ཚུད་དོ་ཡོདཔ་ལས་ ཁྲིམས་འཐུས་བཏབ་མ་ཆོགཔ་སྦེ་ཨིན་མས།

ཁྲིམས་སྲུང་འགག་པ་གིས་ ཉེས་ཅན་ཕོ་སྐྱེས་འདི་ དུས་ཅི་ སྤྱི་ཟླ་༢པའི་ནང་ བཟུང་ཡོདཔ་ད་ དེ་བསྒང་ ཁོ་ར་ ཀེ་ཧང་ག་རམ་༣༠༠ལྷགཔ་ཅིག་འབག་སྟེ་ ཀྲོང་གསར་ཁ་ཐུག་ འགྱོ་བའི་བསྒང་སྡོད་ནུག་ཟེར་ཨིན་མས།

ད་རུང་ ཕོ་སྐྱེས་འདི་ དེ་བསྒང་ ཀེ་ཧང་ཡང་སྤྱོད་དེ་ཡོདཔ་སྦེ་ བརྟག་དཔྱད་བྱུང་ནུག

ཉེས་ཅན་ཕོ་སྐྱེས་འདི་ མོང་སྒར་ བ་ལམ་རྒེད་འོག་ནང་ལས་ཨིན་མས།

 གནས་ཚུལ་བསྡུ་ལེན་པ་ བསོད་ནམས་ཚེ་རིང་། མོང་སྒར།

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར།

Facebook
Twitter
YouTube