འགྲོ་འགྲུལ་བཀག་དམ་གྱི་སྐབས་ལུ་ སློབ་ཕྲུག་གཅིག་ལུ་ ཆོས་བལྟ་ནི་ལས་ལྷག་པའི་འགན་ཁུར་ཕོག་ཡོདཔ།

༉ འདས་པའི་ཟླཝ་ནང་ལུ་ རྒྱལ་ཡོངས་ཀྱི་གནས་ཚད་ཁ་ལུ་ ད་རུང་རང་ འགྲོ་འགྲུལ་བཀག་དམ་འགོ་བཙུགས་པའི་སྐབས་ལུ་ སློབ་རིམ་༡༢པའི་སློབ་ཕྲུག་ ཀུན་བཟའ་སྒྲོལ་མ་འདི་ ག་དེ་སྦེ་འབད་ན་ཡང་མ་ཤེསཔ་ ཐལ་སོངཔ་ཨིན་མས།

འདི་ཡང་ དུས་ཚོད་སྟབས་མ་བདེཝ་འདི་བཟུམ་གྱི་ནང་ལུ་ བཟའ་ཚང་ནང་མི་ཚུ་བལྟ་ནི་གི་འགན་ཁུར་འདི་ ཧྲིལ་འབུམ་སྦེ་རང་ སློབ་ཕྲུག་འདི་ལུ་ ཕོག་ནི་འདི་གིས་ཨིན་མས།

ཨིན་རུང་ མོ་ར་ནང་དོག་སྟེ་ འབད་སའི་ལམ་ག་ནི་ཡང་མ་མཐོང་པར་སྡོད་པའི་བར་ན་རང་ འབྲུག་རྒྱལ་པོའི་རྒུད་གསོའི་ལས་རིམ་གྱི་འོག་ལུ་ སྐྱིད་སྡུག་ཐོབ་ཡོདཔ་ལས་ ཚ་གྱང་དང་སྡུག་བསྔལ་ཚུ་ ག་ར་ཞི་སོང་ནུག

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར།

Facebook
Twitter
YouTube