འགྲོ་འགྲུལ་བཀག་དམ་གྱི་སྒྲིག་གཞི་ལས་འགལ་མི་ལུ་ ཉེས་ཆེན་དབྱེ་རིམ་༤པ་སྨིན་དགོ་པའི་ཉེས་འཛུགས་བཀལ་ནི།

༉ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་དང་འཁྲིལ་བ་ཅིན་ མི་ཚུ་གིས་ འགྲོ་འགྲུལ་བཀག་དམ་གྱི་སྒྲིག་གཞི་ལས་ འགལ་སོང་པ་ཅིན་ འདི་ལུ་ ནད་ཡམས་ཀྱི་སྒྲིག་གཞི་ལས་འགལ་བའི་ཉེས་འཛུགས་ཀྱི་མ་ཚད་ ཤེས་ཅི་མཐོང་ཅི་རང་ ནད་འབུཔ་སྤེལ་ཡོད་པའི་ཉེས་འཛུགས་ཡང་ བཀལ་འོང་ཟེར་ཨིན་མས།

 རྩོད་དཔོན་ཡོངས་ཁྱབ་ ལུང་བསྟན་གྲུབ་འགྱུར་གྱིས་སླབ་མི་ནང་ ཤེས་ཅི་མཐོང་ཅི་རང་ ནད་འབུཔ་སྤེལ་མི་གི་ཉེས་པ་ཕོག་པ་ཅིན་ ཉེས་ཆེན་དབྱེ་རིམ་༤པ་སྨིན་དགོ་ནི་ཨིནམ་ལས་ བཙོན་ཁྲིམས་ལོ་༣ལས་༥ཚུན་གྱི་བར་ན་ ཕོག་འོང་ཟེར་བཤད་ཅི།

 ད་རུང་ མི་འདི་གིས་ ཟུར་བཞག་ལྟེ་བ་ནང་ལུ་སྡོད་པའི་སྐབས་ཀྱི་འགྲོ་སོང་དང་ སྨན་བཅོས་ཀྱི་ཟད་འགྲོ་ཚུ་ཡང་ ཁོ་ར་གིས་རང་ སྤྲོད་དགོ་ནི་ཨིན་མས།

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར།

Facebook
Twitter
YouTube